ལིས་ཆང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཀྲུའུ་ཞིར་མཇལ་འཕྲད་གནང་།
2024.01.17 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

ས་དེའི་དུས་ཚོད་ཚེས16ཉིན་གྱི་ཕྱི་དྲོར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཏ་ཝོ་སི་རུ་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལེ་ཨུན་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན།  ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གལ་ཆེན་ཁྲོད་གཏན་འཇགས་སྲུང་འཛིན་བྱས་ཡོད་པ་དང་།  དེ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་གྱི་གྲུབ་འབྲས་ཡིན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་འབྲེལ་བར་འཐབ་ཇུས་དོན་སྙིང་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན།  ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་དང་མཉམ་དུ།   ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་མི་སྣའི་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པ་དང་།   སྤུན་ཟླའི་ངེས་གནས་དང་གྲོས་མོལ་མཉམ་ལས།  གཉིས་ཕན་མཉམ་རྒྱལ།   མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་གཏན་འཇགས་རང་བཞིན་དང་འཛུགས་སྐྲུན་རང་བཞིན།   གཉིས་ཕན་རང་བཞིན།   འཛམ་གླིང་རང་བཞིན་བཅས་མཐོར་འདེགས་གཏོང་འདོད་ཡོད།   ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཚོད་འཛིན་རང་བཞིན་གྱི་དཔལ་འབྱོར་ཉོ་ཚོང་གི་སྲིད་ཇུས་ནན་མོ་འདོན་པ་དང་ཉོ་ཚོང་རོགས་སྐྱོར་བྱེད་ཐབས་བཀོལ་སྤྱོད་བྱེད་རྒྱུའི་རེ་བ་བཅངས་ཡོད།

ཧྥིན་ཏི་ལའེ་ཨུན་གྱིས་བསྟན་དོན།   ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་གཞུང་བརྗེ་རེས་ཇེ་དྲག་ཏུ་བཏང་སྟེ་ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།