མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་རྒྱས་འཛོམས་གྲོས་ཚོགས་བསྡུས།
2024.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ1ཚེས15ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་ཐེངས་བཅུ་དགུ་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས་པར་མ་ཟད་རེ་བ་བཏོན། དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ཀྲང་ཧུང་ཡོན། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་ནས། ཏང་ཡོངས་ལ་ཚད་གཞི་བཙུགས་པ་དང་མིག་དཔེ་བསྟན། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་ཕྱི་ཕྱོགས་དང་འབྲེལ་བའི་བྱ་བ་དང་ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གྱིས་གོ་རིམ་རྗེས་མའི་བྱ་བའི་ཐད་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་པས། དམངས་ཆེན་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ལག་བསྟར་དམ་འཛིན་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་འདུ་ཤེས་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་བ་དང་། ཏང་གི་དམངས་ཆེན་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་བསྣན་ནས། ཆབ་སྲིད་ལས་ཁུངས་ཀྱི་མངོན་གསལ་གྱི་རང་མདངས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་གཙོ་ཐིག་ལ་དམིགས་པ་དང་། ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ནས། མཚོ་སྔོན་གྱི་དགེ་མཚན་འདོན་སྤེལ་བྱེད་པའི་ཐད་ནས་དམངས་ཆེན་གྱི་སྟོབས་ཤུགས་འབུལ་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ།  བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བའི་རེ་བ་དམངས་ཆེན་བྱ་བའི་ཕྱོགས་སོ་སོ་དང་དུས་རིམ་སོ་སོར་ལག་བསྟར་བྱེད་དགོས། དམངས་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་བའི་རྐང་འཛུགས་ས་དང་ཤུགས་འདོན་ས་འཚོལ་བ་དང་། དཀྱིལ་སྙིང་ལ་དམིགས་ནས། རང་འགུལ་གྱིས་འབད་འཐབ་བྱེད་པ་དང་། ཁྲིམས་ལྟར་འགན་སྒྲུབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་འགན་སྲུང་བྱེད་པར་རོགས་འདེགས་བྱེད་དགོས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་ལ་བྱ་བ་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མིའི་བྱ་བའི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ་ལ་ཉན།

རིན་ཆེན་མཚོས་བསྒྱུར།