ཚེས12ཉིན། མཚོ་སྔོན་ཞིང་ཆེན་གྱི་ཆེད་མཁས་པ་དང་ཤེས་ལྡན་མི་སྣའི་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་ཟི་ལིང་དུ་བསྡུས།
རྒྱུས་ལོན་བྱུང་བ་ལྟར་ན། མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བརྗེའི་ཚུན་ལ། ཁུལ་དང་རྫོང་ལ་བསྐྱོད་པ་དང་ཁེ་ལས་ལ་བསྐྱོད་པ། མཐོ་རིམ་སློབ་གྲྭར་བསྐྱོད་པའི་བྱེད་སྒོ་རྩ་འཛུགས་བྱས་ནས་སྤེལ་བ་དང་། ཆེད་དོན་འཆད་ཁྲིད་དང་རིག་གཞུང་གླེང་སྟེགས་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ཤེས་ལྡན་མི་སྣའི་རིག་མཛོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་གཞིགས་ཏེ། ཆེད་ལས་ཅན་དང་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་མང་པོ་བཏོན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་བློ་གྲོས་དང་སྟོབས་ཤུགས་ཕུལ།
རྒྱུས་ལོན་བྱས་པ་ལྟར་ན། མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱེད་པ། ཚོགས་འདུར་ཞུགས་པའི་ཐབས་ལམ་ཇེ་མང་དུ་གཏོང་བ་དང་། ཕྱི་ཕྱོགས་མཉམ་ལས་རྒྱ་བསྐྱེད་པ་བཅས་བྱས་ནས། བསྟུད་མར་མཐུན་སྒྲིལ་སྒོས་རིགས་མི་འདྲ་བའི་ཤེས་ལྡན་མི་སྣའི་ཐོན་ཁུངས་གཅིག་ཏུ་འགྲིལ་བར་བྱས། དེ་དང་མཉམ་དུ། བརྗེ་རེས་སྟེགས་བུ་བསྐྲུན་པར་ཧུར་བརྩོན་བྱས་པ་དང་། ཡུལ་དངོས་བརྟག་དཔྱད་གཏིང་ཟབ་སྒོས་སྤེལ་བ། གྲུབ་འབྲས་འཕོ་འགྱུར་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་བཏང་བ་དང་། བྱ་བའི་འཁོར་སྐྱོད་རྐྱེན་སྲོལ་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱས་ནས། འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་།
ཚོགས་འདུའི་སྟེང་ལས་འཛིན་འགོ་གཙོ་གཞོན་པ་གསབ་འདེམས་བྱས་པ་དང་། ལས་འཛིན་ལྷན་ཚོགས་སྐབས་དང་པོའི་ཕུལ་བྱུང་ཚོགས་མིའི་ལས་ཁུངས་དང་། ཕུལ་བྱུང་ཚོགས་མིར་གཟེངས་བསྟོད་བྱས་པར་མ་ཟད། ཚོགས་མིའི་ལས་ཁུངས་ལ་དཔང་ཡིག་སྤྲད།
ལྷ་མོ་འཚོས་བསྒྱུར།