མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གཅིག་བསྡུས་ཞིབ་ཀློག་དང་གྲོས་བསྡུར་བྱས།
2024.01.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ1ཚེས17ཉིན་གྱི་ཕྱི་དྲོར།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་ཁ་ཤས་རྩ་འཛུགས་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གཅིག་བསྡུས་ཞིབ་ཀློག་དང་གྲོས་བསྡུར་བྱེད་དུ་བཅུག   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་དམངས་ཆེན་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན་གྲོས་བསྡུར་ཁྲོད་ཞུགས།

རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་འགྲེལ་ཀློག་གཙོ་བོར་གཅིག་བསྡུས་སློབ་སྦྱོང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ཞིབ་ཀློག་དང་གྲོས་བསྡུར་བྱས་པ་བརྒྱུད།   འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན།    བཟོ་བཅོས་འཆར་ཟིན་གྱིས་རྩ་ཁྲིམས་ནི་གཞི་རྩའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡིན་པ་རྒྱུན་འཁྱོངས་བྱས་པ་དང་།     དུས་རབས་གསར་པའི་ཁྱད་ཆོས་དང་བླང་བྱ་འབུར་དུ་ཐོན་པར་བྱས་ཡོད་ལ།   ཚན་རིག་ལྟར་ལག་ལེན་ཉམས་མྱོང་སྤྱི་སྡོམ་དང་ད་ལྟ་སྤྱོད་བཞིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ཐད་དགོས་ངེས་དང་ཧ་ཅང་གལ་ཆེན་བའི་བཟོ་བཅོས་འཐུས་ཚང་བྱས་ཡོད་པས།   མི་དམངས་ཡིད་ཚིམས་པའི་སྲིད་གཞུང་འཛུགས་སྐྲུན་དང་སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་པར་འདོད།    འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་ཀྱི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན།   ནང་དོན་གཙོ་བོ་བཅས་ལ་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་རྒྱུས་ལོན་བྱེད་པ་དང་།    ཁྲིམས་ལྟར་འགན་སྒྲུབ་ནན་མོ་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བདེ་བླག་ངང་གྲོས་འཆམ་འབྱུང་བར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་ངེས་ཞེས་བསྟན།

གྲོས་ཚོགས་སྟེང་བསམ་བློའི་ངོས་ཟིན་གཅིག་གྱུར་བྱེད་པ་དང་།    སློབ་སྦྱོང་ཞིབ་ཀློག་བརྒྱུད་དེ་འཐུས་མིའི་བསམ་བློ་གཅིག་གྱུར་དང་ཁྲིམས་འཛུགས་ཐད་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པ།   ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་བཏང་སྟེ་བཟོ་བཅོས་འཆར་ཟིན་ལ་བདེ་བླག་ངང་གྲོས་འཆམ་འབྱུང་བར་འགན་སྲུང་བྱེད་དགོས།    འཐུས་མི་རྣམས་ཀྱིས་སློབ་སྦྱོང་ཞིབ་ཀློག་ནན་མོ་བྱས་ཏེ་གནད་ཕིགས་ཀྱི་ལྟ་བ་འདོན་པ་དང་།    རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞབས་ཞུ་འགན་སྲུང་བཟང་བོར་བསྒྲུབ་དགོས་ལ།  རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྤྱི་སྡོམ་ནན་མོ་དང་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་བསམ་འཆར་དང་གྲོས་གཞི་དུས་ཐོག་ཏུ་ཡར་སྤྲད་ནས་ཞིབ་ཀློག་གི་ལས་འགན་སོ་སོ་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས།   དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཁྲིམས་འཛུགས་གཏམ་རྒྱུད་བཟང་བོར་བཤད་པ།   མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་བཅའ་ཁྲིམས་ཁྲིམས་སྲོལ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་འབྱུང་བའི་ཁྲིམས་འཛུགས་གྲུབ་འབྲས་དང་དོན་སྙིང་གལ་ཆེན་མངོན་པར་བྱས་ཏེ་ཚོགས་ཆེན་གཉིས་བདེ་བླག་ངང་བསྡུ་བར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།