ཟླ1ཚེས18ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2024ལོའི་ལོ་ཚོགས་ལ་ཞུགས་པ་དང་། སུའེ་ཙེར་དང་ཨུར་ལན་ལ་རྒྱལ་དོན་འཚམས་འདྲི་གནང་ཚར་ནས། ཆེད་གཏོང་གནམ་གྲུར་བསྡད་དེ་ཕྱིར་པེ་ཅིང་དུ་འབྱོར།
ལིས་ཆང་ཏུའུ་པོ་ལིན་ནས་ཞལ་གྱེས་སྐབས། ཨུར་ལན་གྱི་ཞིང་ལས་དང་ཟས་རིགས། རྒྱ་མཚོའི་ལས་དོན་པུའུ་ཡི་པུའུ་ཀྲང་མའེ་ཁི་ན་ལོ་ཀི་དང་། ཨུར་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་པ་ཧི་ཞང་ཏུང་སོགས་ཀྱིས་གནམ་ཐང་ནས་སྐྱེལ་མ་ཞུས།
བན་དེ་སྐྱབས་ཀྱིས་བསྒྱུར།