མཚོ་སྔོན་ཞིང་ཆེན་གྱི་ཐའེ་ཝན་སྤུན་ཟླའི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་ཟི་ལིང་དུ་བསྡུས།
2024.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

མཚོ་སྔོན་ཞིང་ཆེན་གྱི་ཐའེ་ཝན་སྤུན་ཟླའི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་ཟླ་དང་པོའི་ཚེས་བཅུ་དགུ་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཤིས་ཚིག་ཕུལ། ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་དམངས་གཙོ་ཏང་ཁག་སོ་སོ་དང་མི་དམངས་ཚོགས་པ་སོ་སོའི་ཤིས་ཚིག་བཏོན།

ཚོགས་ཐོག་ནས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཐའེ་ཝན་སྤུན་ཟླའི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པའི་ཚུན་དུ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཡང་དག་འོག ཞིང་ཆེན་ཐའེ་ཝན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་དབྱང་གི་ཐའེ་ཝན་སྲིད་ཇུས་ལ་དམ་དུ་དམིགས་པ་དང་། ངོགས་གཉིས་ཁྱིམ་གཅིག་ལྟ་བུའི་འདུ་ཤེས་ལག་བསྟར་ཟབ་མོ་བྱས་ལ། འགན་འཁྲིའི་གནད་ཐིག་གཏན་ཁེལ་ཁོང་དུ་ཆུད་པར་བྱས་པ་དང་། ཆབ་སྲིད་ཀྱིས་སྣེ་ཁྲིད་བྱེད་པ་དང་ཐའེ་ཝན་སྤུན་ཟླར་ཞབས་འདེགས་ཞུ་བ། རྩ་འཛུགས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་ནས། འགྲམ་ངོགས་གཉིས་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བ་དང་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཐའེ་ཝན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་ཐའེ་ཝན་སྤུན་ཟླིའི་རྒྱལ་གཅེས་མང་ཚོགས་ཚོགས་པ་ཡིན་པའི་ཆ་ནས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་དུས་རབས་གསར་བའི་ཏང་གིས་ཐའེ་ཝན་སྤུན་ཟླའི་གནད་དོན་ཐག་གཅོད་པའི་སྤྱི་ཁོག་གི་ཇུས་གཞི་ལག་བསྟར་ཟབ་མོ་བྱས་ཏེ། རང་རྟོགས་སྒོས་རྒྱལ་གཅེས་རིང་ལུགས་དགོངས་པའི་རྒྱུན་འཛིན་པ་དང་བརྒྱུད་སྒྲོག་པ་བྱེད་པ་དང་། རང་རྟོགས་སྒོས་མེས་རྒྱལ་ཕྱོགས་ཡོངས་གཅིག་གྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དངར་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་བརྩོན་བྱེད་དགོས། དཀྱིལ་སྙིང་ལ་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཡོངས་ལ་རྐང་འཛུགས་པ། ཡུན་རིང་ལ་དམིགས་པ། བརྗེ་རེས་མཉམ་ལས་འགག་སྒྲོལ་བྱེད་ས་འཚོལ་བ། མཉམ་བསྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་པ། འགྲམ་ངོགས་གཉིས་ཀྱི་དམངས་ཁྲོད་ཀྱི་བརྗེ་རེས་མཉམ་བསྲེས་ཇེ་ཟབ་ཏུ་གཏོང་བ། འགྲམ་ངོགས་གཉིས་ཀྱིས་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བར་སྐུལ་འདེད་བཏང་ནས། འགྲམ་ངོགས་གཉིས་ཀྱི་སྤུན་ཟླ་འགྲིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལས་འཛིན་ལྷན་ཚོགས་ཀྱི་གོང་བུར་སྒྲིལ་ཤུགས་དང་ལག་བསྟར་ནུས་པ་ཇེ་དྲག་ཏུ་གཏོང་བ། སྐབས་གསར་བའི་ཐའེ་ཝན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་དེ་ཤན་ཤུགས་ལྡན་པ་དང་གོ་གནས་ཡོད་པ། གྲུབ་འབྲས་ལྡན་པའི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་སུ་་འཛུགས་སྐྲུན་བྱས་ཏེ། གནས་བབ་གསར་བ་དང་བསྐྱོད་ལམ་གསར་བ་དང་མཐུན་པར་བྱེད་པ་དང་། དུས་རབས་གསར་བའི་ཐའེ་ཝན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་ཀྱི་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ཏུ་འབྲེལ་ཡོད་བྱ་བའི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཐའེ་ཝན་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་དང་དེའི་འགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་།

རིན་ཆེན་མཚོས་བསྒྱུར།