སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་མགོ་རྩོམ་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་བ་རེད། བགྲོ་གླེང་འཛིན་གྲྭའི་སློབ་མ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་ཟེར།
དངུལ་རྩ་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཀྲུང་དབྱང་གི་དངུལ་རྩའི་ལས་དོན་གྲོས་ཚོགས་སྟེང་དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་གང་མགྱོགས་ངང་འཛུགས་སྐྲུན་བྱེད་དགོས་པའི་དམིགས་འབེན་གསལ་པོ་བཏོན་ཡོད། ད་ཐེངས་ཀྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་མགོ་རྩོམ་མཛད་སྒོའི་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་ཀྱི་ནང་སྙིང་ལ་རྒྱས་བཤད་ཟབ་མོ་གནང་ནས། རང་རྒྱལ་གྱི་དངུལ་རྩའི་ལམ་ཕྱོགས་གསལ་སྟོན་གནང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་རྩོམ་མཛད་སྒོའི་སྟེང་དུ། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པར་ཁྲིམས་སྐྱོང་དང་སྤྱོད་སྐྱོང་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་རིག་གནས་སྐྱེད་སྲིང་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས། བགྲོ་གླེང་འཛིན་གྲྭའི་སློབ་མ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུར་སྲ་ཞིང་བརྟན་པའི་རིག་གནས་ཀྱི་འདེགས་སྐྱོར་དང་། ཡང་དག་པའི་རིན་ཐང་གི་སྣེ་སྟོན་མཁོ་འདོན་བྱས་ཡོད་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་རྩོམ་མཛད་སྒོའི་སྟེང་དུ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་དངུལ་རྩའི་བསམ་གཞིག་དང་དངུལ་རྩའི་ལས་དོན་གྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་གསུངས། བགྲོ་གླེང་འཛིན་གྲྭའི་སློབ་མ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དམིགས་འབེན་གཏན་འཁེལ་དང་ཡིད་ཆེས་བརྟན་གཏོང་། གསར་འབྱེད་ཡར་བརྩོན་བཅས་བྱས་ནས། དུས་རབས་གསར་པའི་དངུལ་རྩའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།