མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་བྱ་བའི་གྲོས་ཚོགས་བསྡུས།
2024.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ1ཚེས22ཉིན། མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྒྲོག་བརྙན་འཕྲིན་བྱ་བའི་གྲོས་ཚོགས་བསྡུས།

མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་བྱ་བའི་གྲོས་ཚོགས་ཟླ1ཚེས22ཉིན་ཟི་ལིང་དུ་བསྡུས། གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་གཞིར་བཟུང་སྟེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱང་སྒྲོག་བརྙན་འཕྲིན་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་པར་མ་ཟད། རྒྱལ་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་དང་རྒྱལ་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་བྱ་བའི་གྲོས་ཚོགས། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་བཅས་ཀྱི་བླང་བྱ་ལྟར་དུ། བྱ་བར་སྤྱི་བསྡོམས་དང་གནས་བབ་ལ་དབྱེ་ཞིབ་བྱས་ནས། ད་ལོའི་ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་རྒྱའི་སྒྲ་བརྙན་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲངགི་་གྲོས་ཚོགས་དང་རྒྱལ་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་བྱ་བའི་གྲོས་ཚོགས། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ཁོངས་གཏོགས་ཀྱི་ཕུལ་བྱུང་རྟོག་ཞིབ་གྲུབ་འབྲས་ཐོབ་པའི་ལས་ཁུངས་ལ་གཟེངས་བསྟོད་བྱས།

གྲོས་ཚོགས་ནས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོར་ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པར་གཅིག་འདོམས་དང་། ཏན་ཏིག་གིས་བརྗོད་དོན་སློབ་གསོ་སྤེལ་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ་སྙིང་བོར་བཟུང་ནས། གསར་སྤེལ་ཡར་བརྩོན་དང་འབད་བརྩོན་ལྷོད་མེད་བྱེད་པ་རྒྱུན་འཁྱོངས་བྱས་ཐོག་སྔར་ལས་ལྷག་པའི་སྒོ་ནས་གླེང་ཕྱོགས་གཙོ་བོ་ཇེ་རྒྱས་སུ་གཏོང་བ་དང་། ཕུལ་བྱུང་བརྩམས་ཆོས་ཇེ་མང་དུ་གཏོང་བ། སྤྱི་བའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། བཅོས་སྐྱོང་ཕན་ནུས་མཐོར་འདེགས་བྱེད་པ། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དུ་རྒྱང་སྒྲོག་དང་བརྙན་འཕྲིན་གྱི་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་བཞི་ལོར། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ནན་མོ་བྱས་ཏེ། གཅིག་གསུམ་བདུན་བཞིའི་བྱ་བའི་བསམ་ཕྱོགས་ལྟར་དུ་བྱ་བ་གཙོ་བོ་བདུན་གནད་དུ་འཛིན་པ་དང་། འགན་སྲུང་བྱེད་ཐབས་བཞི་དངོས་འབེབས་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་གནས་བབ་གསར་བའི་འོག་གི་རྒྱང་སྒྲོག་དང་བརྙན་འཕྲིན་བྱ་བ་བཟང་བོར་སྒྲུབ་པའི་ལས་འགན་དཀའ་ཚེགས་ཆེ་བ་དང་ཧ་ཅང་ལྕི་ལ། འགན་འཁྲིར་གཟི་བརྗིད་ལྡན་པས། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་གཅིག་འདོམས་བྱེད་པ་དང་། ལམ་ལུགས་འཛུགས་སྐྲུན་གྱིས་རྨང་གཞི་ཆགས་པར་བྱེད་པ། ཏང་འཛུགས་དང་དཔུང་སྡེའི་འཛུགས་སྐྲུན་གཞོགས་འདེགས་སུ་བྱེད་པ། རང་ངོས་ཀྱི་གསར་བརྗེ་དང་བྱ་སྤྱོད་འཛུགས་སྐྲུན་དེ་སྒུལ་ཤུགས་སུ་བྱས་ཏེ། འགན་འཁྲི་བརྟན་སྲུང་དང་སེམས་ཤུགས་གཅིག་སྒྲིལ། དཔའ་སྐྱེད་མདུན་སྐྱོད་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རིག་གནས་ཀྱི་འགན་འཁྲི་གསར་བ་ཁུར་དུ་བླངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་ལེའུ་འབད་པས་འབྲི་བའི་ཐད་རྒྱང་སྒྲོག་བརྙན་འཕྲིན་གྱི་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།