《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》དཔེ་སྐྲུན་འགྲེམ་སྤེལ་བྱས།
2024.01.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་རྩོམ་སྒྲིག་བྱས་པའི《སྤྱི་ཁྱབ་ཧྲུའུཅི་ཞི་ཅིན་ཕིང་གི་བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》ཅེས་པ་དེ་ཉེ་ལམ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

བཟོ་སྐྲུན་ལས་རིགས་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྲོག་རྩ་དང་རྒྱལ་ཁབ་འཛུགས་པའི་གཞི་རྩ། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་རྨང་གཞི་བཅས་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་འཐབ་ཇུས་དང་ཇུས་གཞི་གལ་ཆེན་བཏོན་པས། བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་ཀྱི་རང་བཞིན་གྱི་འཕོ་འགྱུར་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་གི་བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་སའང་ཡིན།《ཀློག་དེབ》དེར་ཁྱོན་བསྡོམས་ལེའུ་བཅུ་གཉིས་ཡོད་པ་དང་། དེས་བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པའི་འཐབ་ཇུས་ངེས་གནས་དང་འཕེལ་རྒྱས་དམིགས་འབེན། ལས་འགན་གཙོ་བོ་སོགས་ཀྱི་ངོས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དོན་སྙིང་གཙོ་བོ་དང་དགོངས་པའི་ངོ་བོ། ནང་སྙིང་འཛོམས་པོ། ལག་ལེན་བླང་བྱ་བཅས་འཆད་འགྲེལ་གང་ལེགས་བྱས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།