ཝང་ལིས་མེན་མཚོ་ནུབ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2024.01.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ1ཚེས25ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་མཚོ་ནུབ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཝང་ལིས་མེན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ཆབ་སྲིད་ཀྱི་ལངས་གནས་མཐོ་ལ། སྙན་ཞུ་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དངོས་མཐའ་འཁྱོལ་བྱས་ཡོད་ལ། བློ་བརྟན་འགྱུར་མེད་སྒོས“གཏན་ཕབ་གཉིས”ལ་གོང་བཀུར་དང་། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་གསོན་ཉམས་ལྡན་པར་མཚོན་ཡོད། འགན་སྒྲུབ་ཁག་ཁུར་ནན་མོ་ཡིན་ཏེ། ལས་སྒྲུབ་གཙོ་བོར་བཟུང་ཞིང་དངོས་གཉེར་གནང་དུ་བཟུང་ནས། མི་དམངས་སྲིད་གཞུང་གིས་མི་དམངས་བསམ་པའི་དངོས་གཉེར་སྤྱོད་ཚུལ་མཚོན་ཡོད། བྱ་བའི་བྱེད་ཐབས་གསར་བ་ཡིན་ཏེ་དུས་རབས་གསར་བར་བསྟུན་ཤེས་དང་། འདུ་ཤེས་གསར་བ་ལག་བསྟར། བླང་བྱ་གསར་བ་དོན་འཁྱོལ་བྱས་ཏེ། སྐྱོད་ལམ་གསར་བར་འབད་པས་བསྐྱོད་པ་དང་། འཕེལ་རྒྱས་གསར་བར་སྐུལ་འདེད་གཏོང་བའི་འགན་འཁྲི་ཁག་ཁུར་མཚོན་ཡོད། ལས་འགན་དམིགས་འབེན་གནད་ལ་འཁེལ་བ་ཡིན་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དུས་རབས་གསར་བའི་གནས་ལུགས་ངོ་མར་བརྩིས་ཏེ། གནས་བབ་ལ་དབྱེ་ཞིབ་བྱས་ནས་ཡིད་ཆེས་ཇེ་བརྟན་དང་། འཕེལ་རྒྱས་ལ་ཇུས་འགོད་བྱས་ནས་གཙོ་གནད་དམ་པོར་བཟུང་ཡོད། རང་གིས་རང་ལ་བླང་བྱ་བཏོན་པ་ནན་མོ་ཡིན་ཏེ། ནན་མོའི་གཞི་གདངས་དེ་སྲིད་གཞུང་བྱ་བའི་མགོ་མཇུག་ཡོངས་ལ་ཁྱབ་པར་བྱས་ནས། ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ཡོད།

ཝང་ལིས་མེན་གྱིས་བཤད་རྒྱུར། གནས་བབ་གསར་བ་དང་ལས་འགན་གསར་བར་དམིགས་ནས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཐེངས་ལྔ་པའི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བླང་བྱ་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། ཚོགས་ཆེན་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་དེ་རྒྱུན་མཐུད་འབད་བརྩོན་དང་ལས་སྒྲུབ་ལས་གཏོད་ཀྱི་འགུལ་སྐྱོད་དངོས་ལ་བསྒྱུར་ནས། སེམས་ཤུགས་གཅིག་མཐུན་གྱིས་དེང་རབས་ཅན་གྱི་་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས།

ལྷ་མོ་འཚོས་བསྒྱུར།