ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2024.01.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ1ཚེས26ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་དགུ་བཅུ་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་ང་བརྒྱད་གྲོས་ཚོགས་ལ་ཞུགས་པ་དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་དབྱང་ཧྥིན་ཁྲུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ལག་བསྟར་ཀྲུའུ་ཞི་ཝང་ཝེ་ཏུང་དང་ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧྭན། དབྱང་ཧྥིན་ཁྲུན། ཀྲུའུ་ཞང་ཏུང་། ཤ་བོ་སྐྱབས། ཚའེ་ཁྲིན་ཡུང་། ཀྲང་ཞའོ་ཅུན། ཀྲུའུ་ཀྲན་མེན་བཅས་ཀྲུའུ་ཞི་ཚོགས་པའི་མདུན་གྲལ་དུ་བསྡད་ཡོད།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན། མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན། ཝང་ལིས་མེན། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཀྲུའུ་ཞང་ཧྥིན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ལོའུ་ཀང་། ལིའུ་ཐོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཧི་ལུའུ་ཁྲུན། རིན་ཆེན་རྣམ་རྒྱལ། ཁོང་ཡུང་། ཝང་ཞོན། ཀྲང་ཞའོ་རུང་། མཱ་ཧྥིན་ཧྲིན། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་། དབྱང་ཁི་ཞང་། ཀྲང་ཙིག་ཅུན། ཀྲ་ཆིན་ཅིག་སོགས་འགོ་ཁྲིད་དང་ཚོགས་ཆེན་ཀྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

ཚོགས་ཐོག་ནས་སྔ་གཞུག་ཏུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་ཕུལ་བའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན་གྱིས་ཕུལ་བའི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་གིས་ཕུལ་བའི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན།

ཝང་ལིས་མེན་གྱིས་སྙན་ཞུའི་ནང་བཤད་རྒྱུར། 2023ལོ་ནི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་སྒྲུབ་བྱས་པའི་ལོ་དང་པོ་ཡིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ལ། དཀྱིལ་སྙིང་དང་སྤྱི་ཡོངས་ལ་དམ་དུ་དམིགས་ནས། བློ་སེམས་དཀར་པོས་འགན་འཁྲི་ལག་བསྟར་བྱས་པ་དང་། འཐུས་མིའི་ནུས་པ་འདོན་སྤེལ་བྱས་ལ། ལས་ཁུངས་བཞི་འཛུགས་སྐྲུན་བྱས་ནས། འགན་འཁྲི་སྟོང་ཟད་དུ་མི་གཏོང་བ་དང་རྒྱུན་མཐུད་འབད་འཐབ་བྱེད་པའི་ཆོད་སེམས་དང་ཁག་ཁུར་གྱིས་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། སྐབས་གསར་བའི་དམངས་ཆེན་བྱ་བའི་འགོ་བཟང་བོ་བརྩམས། 2024ལོའི་དམངས་ཆེན་བྱ་བ་བཟང་བོར་སྒྲུབ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་པ་དང་། དམངས་ཆེན་གྱིས་དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དམངས་གཙོ་ཁྲིམས་སྐྱོང་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་ལྟ་སྐུལ་དོན་འཁྱོལ་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་འགན་སྲུང་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཁྲོད་ཀྱི་འགན་འཁྲི་མི་སྣ་དང་པོའི་ཁག་ཁུར་ཐོག་མཐའ་བར་གསུམ་དུ་མངོན་པར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་བྱ་བ་གཙོ་བོ་གཙིགས་སུ་འཛིན་པ། བརྗོད་དོན་སློབ་གསོའི་ཐད་ནས་བསྐྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བླང་བྱ་ལག་བསྟར་བྱེད་པ། སེམས་ཤུགས་གང་ཡོད་ཀྱིས་ལས་ཇུས་འགོད་པ་དང་སྟོབས་ཤུགས་ཡོད་རྒུས་བྱ་བ་སྒྲུབ་པ། རང་འགན་གཙང་སྒྲུབ་ཀྱིས་དོན་དག་འགྲུབ་པར་བྱེད་པ། བློ་རྩ་སྔར་ལས་བརྟན་པོ་དང་རང་རྟོགས་སྒོས་ཏང་གི་འགོ་ཁྲིད་ལ་ཤུགས་བསྣན་ནས། ཏང་ལ་བློ་དཀར་བའི་ཆབ་སྲིད་ལས་ཁུངས་འཛུགས་སྐྲུན་བྱེད་དགོས། སྔར་ལས་འབད་འབུངས་ཡར་བརྩོན་གྱིས་དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་འཛུགས་སྐྲུན་བྱེད་དགོས། སྔར་ལས་དངོས་གཉེར་ནུས་ལྡན་སྒོས་འཐུས་མིའི་ཁེ་དབང་ལ་འགན་སྲུང་བྱེད་པ་དང་། མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པའི་འཐུས་མིའི་ལས་ཁུངས་འཛུགས་སྐྲུན་བྱེད་དགོས། རེ་བ་སྔར་ལས་ནན་མོས་ནུས་པ་དང་བྱང་ཚད་མཐོར་འདེགས་གཏོང་བ་དང་། ཁག་ཁུར་འགན་བསྟར་གྱི་བྱ་བའི་ལས་ཁུངས་འཛུགས་སྐྲུན་བྱེད་པ། དམིགས་འབེན་ལས་འགན་ཇེ་བརྟན་དུ་གཏོང་བ། འགན་འཁྲི་ཕྲག་ཏུ་བླངས་ནས། དུས་རབས་གསར་བའི་དམངས་ཆེན་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཀྲང་ཙིག་ཅུན་གྱིས་སྙན་ཞུའི་ནང་བཤད་རྒྱུར། 2023ལོར། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱས་པ་དང་། འདྲ་མཉམ་དང་ལས་ཆོད་ཀྱི་བརྗོད་སྙིང་གཙིགས་སུ་བཟུང་ནས། ཞིང་ཆེན་དམངས་ཆེན་གྱི་གྲོས་ཆོད་ལག་བསྟར་ནན་མོ་བྱས་པ་དང་། ལྷག་བསམ་ཟོལ་མེད་ཀྱིས་རྩ་ཁྲིམས་བཅའ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱས་ལ། སྤྱིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་དངོས་འབེབས་བྱས་པ་དང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཅིག་ཅན་བཅུ་ཡི་བཀོད་སྒྲིག་རེ་བ་དོན་འཁྱོལ་བྱས་ལ། ཁྲིམས་ཁང་གི་བྱ་བ་དེ་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་བཞག་སྟེ་ཇུས་འགོད་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་དམིགས་འབེན་ལག་བསྟར་ཟབ་མོ་བྱས་ཤིང་། ཞུ་གཏུག་གི་འགོ་ཁུངས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། བཅོས་སྒྱུར་རྒྱུན་མཐུད་ངང་ཟབ་སྤེལ་བྱས་ལ། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། རང་རྟོགས་སྒོས་ལྟ་སྐུལ་དང་ལེན་བྱས་ལ། ཁྲིམས་ཁང་གི་བྱ་བར་ཧུར་ཐག་གིས་ལེགས་སྒྱུར་བྱས་པ་དང་། བསྡོམས་པས་རིགས་མི་འདྲ་བའི་གྱོད་གཞི་འབུམ་གཅིག་དང་ཁྲི་དགུ་སྟོང་ལྔ་བརྒྱད་བརྒྱ་བཅུ་གཅིག་དང་ལེན་བྱས་པ་དང་། གྱོད་གཞི་འབུམ་གཅིག་དང་ཁྲི་བརྒྱད་བདུན་བརྒྱ་གོ་བརྒྱད་ཞིབ་གཅོད་བྱས་ཏེ། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་ངེས་ཅན་བླངས། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཆབ་སྲིད་འཛུགས་སྐྲུན་ལས་ཤུགས་སྣོན་རྒྱུ་དེ་གོ་གནས་གཙོ་བོར་འཇོག་པ་དང་། ཁྲིམས་ལྟར་འདྲི་གཅོད་ལག་བསྟར་གྱི་གཙོ་འགན་གཙོ་ལས་དོན་འཁྱོལ་བྱེད་པ། འདྲི་གཅོད་བྱ་བ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ཁྲིམས་ཁང་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ། ཁྲིམས་ལྟར་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁྲིམས་འཛིན་དྲང་གཞག་བྱས་ནས། སྤུས་ཚད་མཐོ་བའི་ཁྲིམས་འཛིན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྔར་ལས་སྐུལ་འདེད་གཏོང་དགོས་ཟེར།

ཀྲ་ཆིན་ཅིག་གིས་སྙན་ཞུའི་ནང་བཤད་རྒྱུར། འདས་པའི་ལོ་གཅིག་ནང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད་ལག་བསྟར་ནན་མོ་བྱས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་ཡིད་ལ་དམ་པོར་བཟུང་ལ། རང་འགུལ་གྱིས་ཞིབ་དཔྱོད་འགན་འཁྲི་དོན་འཁྱོལ་བྱས་པ་དང་། བདེ་འཇགས་མཚོ་སྔོན་གྱི་དམིགས་འབེན་གཞིར་བཟུང་ནས། སྟོབས་ཤུགས་ཡོད་རྒུས་བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོང་བྱས་པ་དང་། སྐྱེ་ཁམས་སྔོན་དུ་འཛིན་པའི་འཐབ་ཇུས་ལག་བསྟར་བྱས་ཤིང་། རང་འགུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་པ་དང་། དམངས་ཀྱི་ཆེད་དུ་ཞིབ་དཔྱོད་བྱེད་པའི་དམིགས་འབེན་དངོས་འབེབས་བྱས་ལ། དམངས་ཚིས་ལེགས་སྒྱུར་བྱེད་པར་རོགས་འདེགས་བྱས་པ་དང་། འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་པའི་ཐད་ཤུགས་བཏོན་ལ། བཅའ་ཁྲིམས་ལྟ་སྐུལ་ལ་ཤུགས་བསྣན་པ་དང་། ཞིབ་དཔྱོད་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་ཤིང་། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས། 2024ལོར། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བའི་ཐད་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ། སྤུས་ཚད་མཐོར་འདེགས་གཏོང་བ་དང་ཁྱད་ཆོས་བསྐྲུན་པ། བྱང་ཚད་ཇེ་མཐོར་གཏོང་བ། གཞི་རིམ་སྲ་བརྟན་དུ་གཏོང་བ། སྲིད་གཙང་ལ་འགན་སྲུང་བྱེད་པ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། སྟོབས་ཤུགས་ཡོད་རྒུས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁྲིམས་སྐྱོང་གི་ཆེད་དུ་ཁག་ཁུར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ་བཅས་ལ་སྔར་ལས་རོགས་འདེགས་བྱེད་པ། བཅའ་ཁྲིམས་ལྟ་སྐུལ་གྱི་སྤུས་འབྲས་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། ཁྲིམས་བསྟར་ནན་མོ་དང་ཁྲིམས་འཛིན་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་ཧུར་ཐག་གིས་འབྲི་ཆེད་བྱས་རྗེས་སྔར་ལས་ཆེན་པོ་དང་གསར་བ་འཇོག་རྒྱུ་ཡིན།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་འཆར་ཟིན་སྐོར་གྱི་གསལ་བཤད་ལ་ཉན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

རིན་ཆེན་མཚོས་བསྒྱུར།