ཟླ1ཚེས26ཉིན། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་རྗེས། རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་རྒྱུ་དང་། ཙུང་ལི་ལིས་ཆང་གི་གསུང་བཤད་དང་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་པ། བསམ་བློའི་སྟེང་ནས་མཐོང་ཆེན་བྱེད་པ་དང་མྱུར་དུ་བྱེད་ཐབས་སྤྱོད་པ། འགན་འཁྲི་དོན་འཁྱོལ་བཅས་བྱས་ནས། རིག་པ་གསལ་བོ་དང་དོགས་ཟོན་མཐོར་འདེགས་བྱེད་པ། ལྷོད་གཡེང་གི་བསམ་བློ་ཁྱད་སེལ་བྱེད་པ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི“དམར་ཐིག”མཐའ་གཅིག་ཏུ་སྲུང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཉེ་དུས་ས་ཆ་མང་བོར་དོན་རྐྱེན་བསྟུད་མར་བྱུང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་བརྡ་བཏང་ཡོད། ས་གནས་དང་སྡེ་ཁག་སོ་སོས་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་འགལ་རྐྱེན་ལ་འཕྲལ་དུ་གྲལ་བཤེར་ཆེན་པོ་བྱས་ནས། “ཡུལ་ཆུང་ངུ་དགུ”དང་ལས་རྣམ་སྣ་མང་མཉམ་བསྲེས་སྒོས་ཚོང་གཉེར་བྱེད་ཡུལ། མི་སྣ་འདུ་འཛོམས་མང་བའི་ཁུལ་སོགས་གཙོ་གནད་ཀྱི་གནས་དང་གཙོ་གནད་ཀྱི་ཡུལ། གཙོ་གནད་ལྷུ་ཚིགས་བཅས་ལ་དམ་པོར་དམིགས་ཏེ། འགྲོ་ལམ་འགྲིམ་འགྲུལ་དང་གཏེར་རི། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། བཟོ་ཚོང་། ཤོག་སྦག དམིགས་བསལ་སྒྲིག་ཆས། འབར་རླངས། འཛུགས་སྐྲུན་བཟོ་སྐྲུན། དགུན་དུས་ཡུལ་སྐོར་སོགས་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ལ་དམ་པོར་དམིགས་ནས། མངོན་མེད་རྐྱེན་ངན་གཅིག་ཀྱང་མི་ཐོན་པར་བྱེད་པ་དང་སྟོང་ཆ་གཅིག་ཀྱང་མི་ལུས་པར་བྱས་ཏེ་སྔོན་འགོག་ནན་མོ་བྱེད་འགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་འགུལ་སྐྱོད་ཏན་ཏིག་ངང་སྤེལ་ཏེ། ཆེས་དོན་རྐྱེན་འབྱུང་སླ་བའི་ཁྱབ་ཁོངས་དང་ཆེས་བདེ་འཇགས་མིན་པའི་རྒྱུ་རྐྱེན། ཆེས་སེམས་ཁུར་ཆེ་བའི་གོ་རིམ་བཅས་ལ་དམ་པོར་དམིགས་ཏེ། དོན་ཚན་རེ་རེ་བཞིན་གསེད་བཀྲོལ་དང་དཔེ་རིས་བཀལ་ནས་འབད་བརྩོན་བྱས་ཏེ། “མི་དམངས་ཀྱིས་འགོག་པ་དང་ལག་རྩལ་གྱིས་འགོག་པ། བཟོ་སྐྲུན་གྱིས་འགོག་པ། དོ་དམ་གྱིས་འགོག་པ”བཅས་ཀྱི་བྱེད་ཐབས་ཁག་གཅིག་མགྱོགས་མྱུར་ངང་ལག་བསྟར་བྱེད་དགོས། འགུལ་རྣམ་གྲོས་མོལ་ལ་ཤུགས་སྣོན་པ་དང་དུས་ཐོག་ཏུ་ཉེན་ཁར་ཞིབ་འཇུག་དང་བརྡར་གཅོད་བྱེད་པ། “དྲན་སྐུལ”དང“མཐུན་སྦྱོར”གྱི་ཉེན་བརྡ་གཏོང་བའི་ལམ་སྲོལ་དོན་འཁྱོལ་བྱེད་པ། ཉེན་ཟོན་སྔོན་བརྡ་གནད་ལ་འཁེལ་བ་དང་ཁེབས་ཚད་ཇེ་ཆེར་གཏོང་བ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་རང་བྱུང་གནོད་འཚེར་འགོག་ཟོན་བྱེད་དགོས། ལུགས་རྙིང་ལོ་སར་སྔ་རྗེས་ཀྱི་བདེ་འཇགས་འགན་ལེན་ལ་ཤུགས་ནན་མོར་སྣོན་པ་དང་། ལུགས་རྙིང་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་གྱི་བདེ་འཇགས་འགན་སྲུང་བྱ་བ་མངོན་གསལ་སྒོས་ཡག་པོར་སྒྲུབ་པ། ས་ཡོམ་གནོད་འཚེའི་རྗེས་ཀྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་བདེ་འཇགས་ལ་མཐོང་ཆེན་བྱེད་པ། བྱ་འགུལ་མི་སྣའི་གཅིག་སྡུད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་བདེ་འཇགས་དང་འཆམ་མཐུན་ངང་ལོ་སར་རོལ་བར་འགན་ལེན་བྱེད་དགོས།
གྲོས་ཚོགས་ལས་བླང་བྱ་བཏོན་དོན། ཏང་སྲིད་ཀྱི་མགོ་ཁྲིད་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་རང་བདག་འགན་འཁྲི་བཅས་ཇེ་དམ་དུ་བཏང་ནས། བདེ་འཇགས་ཐོན་སྐྱེད་དངོས་སུ་སེམས་སུ་ཉར་བ་དང་ཕྲག་ཏུ་ལེན་པ། ལག་ཏུ་འཛིན་པ་བཅས་བྱས་ཏེ། “གཏོགས་ཁོངས་དོ་དམ་བྱེད་པ”དང“སུས་དོ་དམ་བྱེད་ན་དེས་འགན་ཁུར་བའི”རྩ་དོན་དོན་འཁྱོལ་བྱས་ནས། ཏང་སྲིད་མཉམ་འཛིན་དང་། ཁོངས་ཁུལ་ཟུང་སྦྲེལ། མ་ལག་སྐུལ་སྤེལ་བཅས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་མ་བྱུང་སྔོན་དང་དོན་རྐྱེན་འབྱུང་སྐབས། དོན་རྐྱེན་བྱུང་རྗེས་བཅས་ཀྱི་དུས་རིམ་སོ་སོར་དམ་པོར་དམིགས་ཏེ། འཕྲལ་བསྟུན་སྔོན་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་འཕྲལ་བསྟུན་སྦྱོང་བརྡར་ལ་ཤུགས་སྣོན་དགོས། སྨྱན་བྱད་དྲིལ་སྒྲོག་དང་སྒྲོག་འགྲེལ་ལ་ཤུགས་སྣོན་པ་དང་། སྐྱོན་ཆ་ཐེར་འདོན་བྱེད་ཤུགས་མངོན་སུམ་གྱིས་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་གནད་དོན་ཞུ་གཏུག་བྱས་ན་བྱ་དགའ་སྟེར་བ། མི་སྣ་ཡོངས་ཀྱི་བདེ་འཇགས་འདུ་ཤེས་དང་རང་སྐྱོབ་ནུས་པ་ཆེ་རུ་གཏོང་བ། མི་ཚང་མས་བདེ་འཇགས་ལ་སེམས་ཁུར་བྱེད་པ་དང་རང་འགུལ་ངང་བདེ་འཇགས་སྲུང་བའི་རྣམ་པ་བཟང་པོ་བསྐྲུན་པ་བཅས་བྱས་ནས། མང་ཚོགས་སྐུལ་སློང་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མི་དམངས་ཀྱི་དམག་འཐབ་ཡག་པོར་རྒྱག་དགོས།
ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། གྲོང་ཁྱེར། ཆུས་བཅས་སུ་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁེ·རེ་སུའུ་ལིསཧན། ཀྲུའུ་ཞང་ཧྥུན། ལོའུ་ཀང་། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཧི་ལུའུ་ཁྲུན། ཝང་ཧེ་ཧུང་བཅས་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་དང་ཡང་ན་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།