རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་རྒྱལ་ཡོངས་ཀྱི་མེ་གསོད་བདེ་འཇགས་གཅིག་བསྡུས་ཉེན་སེལ་མཁྲེགས་གཏོར་གྱི་དག་ཐེར་བཅོས་སྐྱོང་ཆེན་མོའི་འགུལ་སྐྱོད་སྤེལ་བར་རྩ་འཛུགས་བྱེད་རྒྱུ་རེད།
2024.01.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཉེ་སྔོན་བརྡ་ཐོ་བཏང་སྟེ། ཉིན་དེ་ནས་བཟུང་ཟླ་གསུམ་པའི་ཟླ་མཇུག་བར་དུ། རྒྱལ་ཡོངས་སུ་མེ་གསོད་བདེ་འཇགས་གཅིག་བསྡུས་ཉེན་སེལ་མཁྲེགས་གཏོར་གྱི་དག་ཐེར་བཅོས་སྐྱོང་ཆེན་མོའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་པ་དང་། ཕྱོགས་ཡོངས་ནས་ཟ་ཁང་ཆུང་བ་དང་དྲ་ཁང་ཆུང་བ་སོགས་དང་ལས་རིགས་མང་བོ་མཉམ་འདུས་ཀྱི་ཐོན་སྐྱེད་ཚོང་གཉེར་ར་བ། མི་མང་བོ་འདུས་ས་བཅས་ཀྱི་འབུར་ཐོན་ཉེན་ཁའི་གནས་ཚུལ་ལ་རྩད་ཞིབ་བྱེད་རྒྱུ་ཡིན་ལ། གཙོ་བོ་ཁྲིམས་འགལ་ལུགས་འགལ་གྱི་བཟོ་ལས་དང་ཐོན་སྐྱེད་ཚོང་གཉེར། བདེ་འཇགས་ཉེན་སྐྱོབ་ཀྱི་ཆ་རྐྱེན་ཞན་པ། སྒྲིག་འགལ་གྱིས་རྐུན་འཇོག་དྲ་བ་ལས་པའམ་ཁྱབ་བསྒྲགས་བྱང་བུ་སོགས་ཀྱི་གནད་དོན་ལ་དག་ཐེར་བཅོས་སྐྱོང་བྱས་ཏེ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཉེན་སེལ་མཁྲེགས་གཏོར་གྱི་དག་ཐེར་བཅོས་སྐྱོང་འགུལ་སྐྱོད་དེ་ཉིན་རྒྱུན་ལྟ་རྟོག་ཞིབ་བཤེར་བྱེད་པའི་ནང་དོན་དུ་བཞག་སྟེ། བརྒྱུད་རིམ་ཧྲིལ་བོའི་ལྟ་རྟོག་དོ་དམ་དང་འགན་འཁྲིའི་རྩད་གཅོད་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།