ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2024.01.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

ཟླ1ཚེས29ཉིན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།  གྲོས་ཚོགས་སྟེང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་ཡིས་བྱ་བའི་སྙན་ཞུ་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཟུར་པ་མཱ་ཀྲི་ཝེ་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་ལ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཡང་དག་པའི་འགོ་ཁྲིད་འོག་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མཛུབ་སྟོན་རོགས་རམ་འོག  ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་།  གསར་བ་བཞི་དང་བཟང་བོ་གསུམ་གྱི་བླང་བྱ་གལ་ཆེན་ལག་བསྟར་ཧུར་ཐག་བྱས་པ་དང་། བརྗོད་དོན་སློབ་གསོས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས།  བསམ་བློའི་ཆབ་སྲིད་འཛུགས་སྐྲུན་དང་། རྩ་འཛུགས་འཛུགས་སྐྲུན། འགན་སྒྲུབ་ནུས་པ་འཛུགས་སྐྲུན། སྤྱོད་ལམ་འཛུགས་སྐྲུན། ལམ་ལུགས་འཛུགས་སྐྲུན་བཅས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ལས་དོན་ཁག་སོ་སོར་ཡར་རྒྱས་གསར་བ་བྱུང་།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། 2024ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་དང་།ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལེགས་འགྲུབ་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཕྱོགས་ཡོངས་ནས་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ། རྩ་འཛུགས་འཛུགས་སྐྲུན་གྱི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བར་སྔར་ལས་ནུས་པ་འདོན་པ་དང་། འགན་སྒྲུབ་ཁག་ཁུར་གྱི་ཆུ་ཚད་འབད་པས་མཐོ་རུ་འདེགས་པར་སྔར་ལས་འབད་པ་བྱེད་པ། སྤྱི་ཚོགས་ཞབས་ཞུའི་ཕན་འབྲས་མུ་མཐུད་དུ་ཇེ་མཐོར་གཏོང་བར་སྔར་ལས་སེམས་ཤུགས་བཀོལ་བ་དང་། མེས་རྒྱལ་ཞི་བའི་གཅིག་གྱུར་ཡོང་བའི་འཕེལ་རིམ་ཁྲོད་སྔར་ལས་བརྩེ་སེམས་ཕུལ་ཏེ། ཐོག་མཐའ་བར་གསུམ་དུ་སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པ་བཅས་ཀྱི་བསམ་བློའི་འཁྱེར་སོ་རྒྱུན་འཁྱོངས་བྱས་ཤིང་། སེམས་ཤུགས་ཡོད་རྒུས་བྱ་བར་འཆར་འགོད་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་བྱ་བ་སྒྲུབ་པ། འགན་འཁྲི་ཁུར་ནས་བྱ་བ་འགྲུབ་པར་བྱེད་པ་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ་བཅས་ཀྱི་ལག་བསྟར་པ་བྱེད་པར་བརྩོན་ལེན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་འབྲི་བར་བྱས་རྗེས་གསར་བ་འཇོག་དགོས།

ལྷ་མོ་འཚོས་བསྒྱུར།