ཀྲའོ་ལི་ཅི་ཡིས་ཁོ་ལོམ་པི་ཡའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་དམངས་གྲོས་དཔོན་དཔོན་པོར་མཇལ་འཕྲད་གནང་།
2024.01.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ1ཚེས30ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཁོ་ལོམ་པི་ཡའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་ཞུགས་དཔོན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ནཱ་མེ་དང་དམངས་གྲོས་དཔོན་པོ་ཁཱ་ལེ་གཉིས་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ན་ནིང་གི་ཟླ་བཅུ་པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕེ་ཐི་ལའོ་གཉིས་ཀྱིས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་བར་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པ་མཉམ་དུ་ཁྱབ་བསྒྲགས་གནང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་བ་བྲིས། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་བྱེད་པ་དང་།  ཀྲུང་གོ་དང་ཁོ་ལོམ་པི་ཡའི་འཐབ་ཇུས་མཉམ་ལས་འབྲེལ་བའི་ཡུན་རིང་གི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་པར་སྟོབས་ཤུགས་འབུལ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡས་ཡུན་རིང་བོར་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་བར་གཟེངས་བསྟོད་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་འདྲ་མཉམ་དང་སྒྲིག་རིམ་ཡོད་པའི་འཛམ་གླིང་སྣེ་མང་ཅན་དང་ཕན་ལྡན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་བཏང་ནས་མཉམ་དུ་ལག་རྡང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་འགན་ནུས་འདོན་སྤེལ་བྱས་ནས་ཉོ་ཚོང་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་པ་དང་མི་སྣའི་འགྲོ་འོང་ཐད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་འདོན་སྤྲོད་བྱེད་དགོས།

ནཱ་མེ་དང་ཁ་ལེ་ཡིས་བསྟན་དོན། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱི་འཕེལ་རྒྱས་ཉམས་མྱོང་མིག་དཔེར་བཟུང་ནས་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་གསོན་ཤུགས་རྒྱས་པར་བྱེད་འདོད་ཡོད་ཟེར།

ཧི་ཝེ་ཐུག་འཕྲད་ཁྲོད་ཞུགས།

མི་ཕམ་མགོན་པོས་བསྒྱུར།