ཟླ1ཚེས30ཉིན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། 2023ལོའི་བྱ་བར་སྤྱི་བསྡོམས་དང་མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་ནས།2024ལོའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡཱ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན་དང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིའུ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ལིས་ཙའེ་ཡོན་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྲིད་ཁྲིམས་ལས་ཁུངས་ཀྱི་དམིགས་བསལ་ལས་འགན་ཁག་ཁུར་གཅིག་བསྡུས་བྱེད་པ་དང་། ཆབ་སྲིད་འཛུགས་སྐྲུན་ནི་གཞི་རྩར་འཛིན་པ་དང་། བློ་དཀར་སྤྱོད་གཙང་ཁག་ཁུར་དེ་ཚད་གཞིར་བཟུང་ནས། སྲིད་ཁྲིམས་ཧྲག་དམག་འཛུགས་པར་ཤུགས་སྣོན་དགོས། རང་འགུལ་ངང་ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བླང་བྱ་ལག་ཏུ་བསྟར་བ་དང་། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་བདེ་འཇགས་ལ་སྲུང་སྐྱོབ། བརྟན་འཇགས་ལ་འགན་སྲུང་། འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་སྲུང་སྐྱོབ་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་། གཏན་ནས་མི་འབྱུང་བ་ལྔ་ཚད་མཐར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། གཅིག་ཅན་བཅུ་ཡི་བྱ་བའི་བླང་བྱ་གཅིག་སྡུད་དང་། ལོ་གསུམ་གྱི་དམིགས་འབེན་སྣེ་ཁྲིད་དུ་བྱས་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་གཙོ་གནད་གསུམ་དམ་པོར་བཟུང་སྟེ། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་ཡོང་བར་སྐུལ་འདེད་གཏོང་དགོས། རྩ་འཛུགས་དོ་དམ་མ་ལག་དེང་རབས་ཅན་དང་། ཉེན་རྟོན་ལས་བྱེད་པའི་བྱང་ཚད་དེང་རབས་ཅན། ཚན་རྩལ་ལག་རྩལ་དེང་རབས་ཅན་བཅས་ལ་བསྒྱུར་བའི་དམིགས་འབེན་གསུམ་དམ་དུ་འཛིན་པ་དང་། སྲིད་ཁྲིམས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་མཚོ་སྔོན་གྱི་སྲིད་ཁྲིམས་བྱ་བའི་རྣམ་པ་གསར་བ་གཏོད་པར་ནུས་པ་ཡོད་རྒུ་འདོན་དགོས།
ལྷ་མོ་འཚོས་བསྒྱུར།