ཟླ1ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཅཱ་སཱ་མཱ་ཀི་ལཱ་ཡིས་ཁྲིད་པའི་རུ་ཝང་ཏཱའི་རྒྱལ་གཅེས་འཐབ་ཕྱོགས་ཀྱི་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཟླ1ཚེས30ཉིན་པེ་ཅིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཅཱ་སཱ་མཱ་ཀི་ལཱ་ཡིས་ཁྲིད་པའི་རུ་ཝང་ཏཱའི་རྒྱལ་གཅེས་འཐབ་ཕྱོགས་ཀྱི་ལས་བྱེད་པའི་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཁཱ་ཅཱ་མཱེ་རྣམ་གཉིས་ཀྱིས་ཐབས་ལམ་མང་བོ་བརྒྱུད་དེ་འབྲེལ་འདྲིས་དང་བརྗེ་རེས་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་མཛད། ཀྲུང་གོ་ཕྱོགས་ཀྱིས་རུ་ཝང་ཏཱའི་བར་གྱི་འཐབ་ཇུས་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་སྤྱིའི་རོགས་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་རུ་ཝང་ཏཱའི་མཛའ་མཐུན་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་རུ་ཝང་ཏཱའི་བར་གྱི་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་བྱས་རྗེས་མང་དུ་འཇོག་འདོད་ཡོད་ཟེར།
ཅཱ་སཱ་མཱ་ཀི་ལཱ་ཡིས་བསྟན་དོན། རུ་ཝང་ཏཱའི་རྒྱལ་གཅེས་འཐབ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བར་གྱི་སྤུན་ཟླའི་བརྩེ་འདང་ལ་མཐོང་ཆེན་བྱེད་ཅིང་། ཀྲུང་གོས་བླངས་པའི་སྤྱིར་བཏང་མིན་པའི་འཕེལ་རྒྱས་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་པར་མ་ཟད། ཀྲུང་གོས་དུས་ཡུན་རིང་བོར་རུ་ཝང་ཏཱ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། རུ་ཝང་ཏཱ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། ལག་རྡང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་གྲོས་འགོ་ཆེན་མོ་གསུམ་དངོས་འབེབས་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཧྲི་ཐའེ་ཧྥུན་དང་མུའུ་ཧུང་། ཝང་ཏུང་ཧྥུན་སོགས་ཐུག་འཕྲད་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།