ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་དུ་བསྡུས།
2024.01.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ1ཚེས30ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། 2023ལོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤྱི་སྡོམ་བྱས་པ་དང་། 2024ལོའི་ལས་འགན་བཀོད་སྒྲིག་བྱས་ནས། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་འགོ་འཛིན་བྱས།

ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། སྤྱི་ཡོངས་གཉིས་ལ་གཅིག་འདོམས་བྱེད་པའི་མཐོ་ཚད་ནས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འཕེལ་ཚད་གསར་བ་དང་གྲུབ་འབྲས་གསར་བར་ཕྱོགས་ཡོངས་ནས་སྤྱི་སྡོམ་ཟབ་མོ་བྱས་པ་དང་། ཏང་གི་རང་ངོས་གསར་བརྗེའི་དགོངས་པ་གལ་ཆེན་ལ་འགྲེལ་བཤད་ཟབ་མོ་བྱས་ལ། བརྟེན་པ་དགུ་ཡི་ལག་ལེན་བླང་བྱ་གསལ་བོར་བཏོན་ནས། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་ནང་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོབ་གཉིས་བཟང་བོར་སྒྲུབ་ནས། སྤྱོད་གཙང་མཛེས་པ་རུ་བརྩི་བ་དང་། སྲིད་གཙང་གཟི་བརྗིད་དུ་བརྩི་བ་དེ་མཚོ་སྔོན་ནས་སྲོལ་བཟང་དུ་འགྱུར་བར་བྱེད་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་སྣང་བརྙན་གསར་བ་དང་གྲུབ་འབྲས་གསར་བར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།

ཁྲིན་ཀང་གིས་ན་ནིང་རང་ཞིང་གིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ངོ་རྒོལ་འཐབ་རྩོད་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། རིག་པ་གསལ་བའི་སྒོ་ནས་གནས་བབ་ལ་ངོས་འཛིན་བྱེད་པ་དང་། རང་ངོས་གསར་བརྗེ་ཟབ་མོ་བྱེད་པའི་དགོངས་པས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་དགོས། འགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ལ་བརྟེན་ནས་གྱོད་གཞིས་བཅོས་སྐྱོང་ལ་སྐུལ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། སྐོར་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་གྲུབ་འབྲས་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་པ། མཛུབ་རྩེའི་ཕྱི་ཚུལ་རིང་ལུགས་ཀྱི་ཆེད་དོན་བཅོས་སྐྱོང་སྤེལ་བ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་མིག་དཔེ་སྟོན་པར་སྐུལ་འདེད་བཏང་སྟེ། ཉེན་ཁར་མ་འཛེམས་པར་སྒྲིག་ཁྲིམས་དང་འགལ་བའི་སྤྱོད་ཚུལ་ལ་རྡུང་རྡེག་དང་རྩད་གཅོད་བྱེད་དགོས། གཙོ་གནད་འབུར་དུ་ཐོན་པར་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། ཆབ་སྲིད་གནད་དོན་དང་དཔལ་འབྱོར་གནད་དོན་བསྣོལ་མར་འདྲེས་པའི་རུལ་སུངས་ལ་ཞིབ་བཤེར་ཐག་གཅོད་བྱེད་པ། དབང་ཆ་གཅིག་འདུ་དང་མ་དངུལ་གཅིག་འདུ། ཐོན་ཁུངས་མཉམ་འཛོམས་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ལ་བཅོས་སྐྱོང་ཟབ་མོ་བྱེད་པ། ཅུང་འབུར་ཐོན་ཡིན་པའི་ལས་རིགས་རང་བཞིན་དང་མ་ལག་རང་བཞིན། ས་ཁོངས་རང་བཞིན་གྱི་རུལ་སུངས་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་པ། དམངས་ཚིས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་གཙོར་བཟུང་ནས་གཅིག་བསྡུས་བཅོས་སྐྱོང་བྱས་ནས། མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་སྤྱོད་ཚུལ་ལ་རྡུང་རྡེག་ཆད་གཅོད་བྱེད་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་དང་འགན་འཁྲི་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ། གཙོ་གཞིའི་འགན་འཁྲི་དམ་འཛིན་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། འགན་ནུས་སྡེ་ཁག་གིས་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། འགན་འཁྲི་རྩད་གཅོད་ཀྱི་ལག་ཆ་བཀོལ་སྤྱོད་བཟང་བོ་བྱས་ཏེ། རང་འགན་རང་འཁུར་དང་གཅིག་གྱུར་མཐུན་སྦྱོར་གྱིས་ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་རྣམ་པ་འཐུས་ཚང་དུ་གཏོང་དགོས། གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྒྲིག་ལམ་འཛུགས་སྐྲུན་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་པ། གཅིག་བསྡུས་རང་བཞིན་གྱི་སྒྲིག་ལམ་སློབ་གསོ་སྤེལ་བ། ཏང་གི་སྒྲིག་སྲོལ་ལྟར་བྱ་བ་བཟང་བོར་སྒྲུབ་པ་དང་མི་ལ་དོ་དམ་བྱེད་པ། དབང་ཆ་བཀོལ་སྤྱོད་བྱེད་པ། རྣམ་པ་བཞི་བཀོལ་སྤྱོད་གནད་ལ་འཁེལ་བ་བྱས་ནས། སྒྲིག་ལམ་དམ་པར་བྱེད་པ་དང་ཟིལ་ཤུགས་ཆགས་སུ་འཇུག་པར་མ་ཟད། ཏང་ཡོན་ལས་བྱེད་པས་མཐོང་ཆེན་དང་སད་རྟོགས། འཛེམ་དོགས་བཅས་བྱེད་དུ་བྱེད་དགོས། དུས་རབས་གསར་བའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ཉེན་བརྡའི་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་བོ་རྒྱུན་འཛིན་བྱེད་པ། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་ལ་དོ་སྣང་བྱས་ཏེ། ཏང་ཡོན་ལས་བྱེད་པས་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བའི་སྤྱིའི་འགག་སྒོ་བརྟན་སྲུང་བྱེད་པར་རོགས་རམ་བྱེད་དགོས། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་འགན་འཁྲི་ཐེག་ཐུབ་པའི་བྱང་ཚད་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པས་ནུས་པ་དང་འཇོན་ཐང་ཇེ་ཆེར་བཏང་ནས། ཆབ་སྲིད་བློ་དཀར་དང་སྤྱོད་གཙང་རང་གཅུན། འཐབ་རྩོད་བྱེད་ཕོད་པའི་མིག་དཔེ་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་ནས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་སྟོབས་ཤུགས་འདོན་དགོས།

ལིའུ་ཆི་ཧྥན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རང་ངོས་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་གྱི་གོ་དོན་གཙོ་བོ་དང་ལག་ལེན་རེ་བར་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་ལེན་མཐར་ཕྱིན་བྱེད་པ། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ཚད་གཞི་སྔར་ལས་མཐོན་པོ་དང་རེ་བ་སྔར་ལས་ནན་མོ། སྤྱོད་ཚུལ་སྔར་ལས་བཟང་བོར་བརྟེན་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་པ། ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཏུ་སྤེལ་བ་དམ་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བློ་དཀར་བའི་སྒོ་ནས་ཏང་གི་སྒྲིག་སྲོལ་དང་རྩ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་བྱས་ཏེ། བློ་ཡོངས་སུ་དཀར་བ་དང་ཡོངས་སུ་བློ་གཏད་ཆོག་པ། སྤྱོད་ཚུལ་ཡོངས་སུ་གཙང་བ་བཅས་བྱེད་པ། གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྣང་ཚུལ་རྒྱུན་འཁྱོངས་བྱས་ནས་གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཁྲེགས་གཏོར་གཡུལ་འགྱེད་དང་རྒྱུན་སྲིང་གཡུལ་འགྱེད་ཐད་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་པ། རྒྱུན་མཐུད་ངང་སྤྱིད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་ཟབ་མོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལས་ཁུངས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྡེ་ཁག་སོ་སོ། མངགས་གཏོང་ལས་ཁུངས་སོ་སོ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཆེད་མངགས་ལྟ་ཞིབ་པའི་འཐུས་ཚབ་བཅས་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།