ཟླ1ཚེས31ཉིན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྲོས་ཚོགས་ལ་ཞུགས།
ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་སྤྱི་ཡོངས་ནས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཁོངས་སུ་བཞག་ཅིང་། དེ་ནི་རང་ཞིང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་བྱེད་པ། ཐོན་ཁུངས་བཀོད་སྒྲིག་ལེགས་འགྱུར་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་དོན་འཁྱོལ་དང་། ཞིང་ཕྱུགས་ལས་དང་ཞིང་སྡེ་འབྲོག་ཁུལ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཐེངས་འདིའི་བཅོས་བསྒྱུར་གྱིས་ཞིང་ལས་ཞིང་སྡེ་དང་གྲོང་གསེབ་དར་སྤེལ་གྱི་བྱ་བའི་རྐྱེན་སྲོལ་དང་བྱ་བའི་འགན་འཁྲི་སྔར་བས་མཐུན་སྦྱོར་ཡོང་བར་བྱས་པས། ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་ཁྱབ་ཁོངས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན།
ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྲོང་གསེབ་དར་སྤེལ་ཅུའུ་ཡི་ལས་བྱེད་པ་དང་ལས་བཟོ་བ་དག་གིས་བཤད་རྒྱུར། ལས་ཁུངས་བཅོས་བསྒྱུར་བྱ་བའི་སྤྱིའི་བཀོད་སྒྲིག་ལྟར། ལས་འགན་ལེགས་སྒྲུབ་ནན་མོ་བྱེད་པ་དང་། རང་འགུལ་ངང་ཁག་ཁུར་འགན་སྒྲུབ་བྱེད་པ། ལངས་གནས་སྔར་བས་ཇེ་མཐོར་གཏོང་བ་དང་། བྱེད་ཐབས་འཆར་འགོད་བྱས་ནས།གྲོང་གསེབ་དར་སྤེལ་དང་ཞིང་གསུམ་བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། བདེན་པ་བདེན་ཐུབ་ཀྱི་བཅོས་སྒྱུར་གྱི་ཕན་འབྲས་དང་བྱ་བའི་གྲུབ་འབྲས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀུན་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་སྤྲོད་རྒྱུ་ཡིན་ཟེར།
ལྷ་མོ་འཚོས་བསྒྱུར།