ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་རྒྱས་འཛོམས་གྲོས་ཚོགས་བསྡུས།
2024.02.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ1ཚེས31ཉིན།   ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་ཐེངས་ཉི་ཤུ་པ་བསྡུས་ཏེ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།   ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་དང་སྐབས་བཅུ་བཞི་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།   ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་བླང་བྱ་བཏོན།    དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ།   ཀྲང་ཧོང་ཡོན།   ཝང་ཅིན་ཀྲའེ།   ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།   ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་སྟེང་བསྟན་དོན།  ཀྲུང་དབྱང་གིས་དུས་རབས་གསར་པའི་དངུལ་རྩ་དང་བདེ་འཇགས་ཐོན་སྐྱེད།   སྲིད་ཁྲིམས་བྱ་བ་བཅས་དང་དེ་མིན་བཟོ་སྐྲུན་ལག་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད།   དམངས་ཆེན་གྱི་འགན་ནུས་ངེས་གནས་ལ་རྐང་བཙུགས་ནས་དངུལ་རྩའི་ཁྲིམས་སྐྱོང་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས་པ་དང་ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་དགོས།   ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་བཅངས་ཏེ་ལོ་མཇུག་དང་ལོ་འགོའི་བདེ་འཇགས་ཐོན་སྐྱེད་བྱ་བ་སོ་སོ་ཕྱོགས་ཡོངས་ནས་ཞིབ་ཚགས་སྒོས་བསྒྲུབ་དགོས།   དུས་རབས་གསར་པའི་ཁྲིམས་སྐྱོང་སྡེ་ཁག་གི་འགན་འཁྲིའི་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་འདུ་ཤེས་འཛིན་སྟངས་དང་དྲ་རྒྱའི་བདེ་འཇགས་སོགས་བྱ་བ་གཙོ་བོར་སྤྱི་འདོམས་བྱེད་པ་དང་བདེ་འཇགས་མཚོ་སྔོན་གྱི་གཅིག་ཅན་བཅུའི་བྱ་བའི་བླང་བྱ་དོན་འཁྱོལ་བཟང་བོ་བྱས་ནས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་གཏན་འཇགས་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས།    ལས་གནས་མཐོར་འདེགས་གཏོང་བ་དང་སྙིང་སྟོབས་ཆེ་རུ་བསྐྱེད་དེ།    ཚོགས་ཆེན་གཉིས་ཀྱི་དགོངས་དོན་དུས་རབས་གསར་པའི་དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་པའི་སྒུལ་ཤུགས་སྟོབས་ལྡན་དུ་བསྒྱུར་དགོས།    ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་ཤུགས་ཆེན་པོས་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་སྟེང་།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སོ་སོ་དང་དེ་མིན་ཏང་ཙུའུ་ཁོངས་མིའི་ལས་བགོས་བྱ་བ་ཁྱབ་བསྒྲགས་བྱས་པ་དང་།    ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཧྲིལ་བོའི་བྱ་བའི་གཙོ་གནད་དང་དེ་མིན་གཙོ་གནད་གཅིག་དང་འཆར་གཞི་གསུམ་གྱི་ལས་འགན་གྱི་ལས་བགོས་ཇུས་གཞི།   ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱ་བའི་གཙོ་གནད་བཅས་ལ་ཞིབ་འཇུག་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།