ཁྲིན་ཀང་མིན་ཧི་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་ཞུགས།
2024.02.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ1ཚེས31ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མིན་ཧི་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས་པར་མ་ཟད་གཏམ་བཤད། ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་པ་དང་རང་འགུལ་གྱིས་ཚད་གཞིར་དམིགས་ནས་བྱ་བ་སྒྲུབ་སྟེ། མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད་ལ་བརྟེན་ནས་བརྗོད་དོན་སློབ་གསོ་དང་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བྱ་བ་སྣ་ཚོགས་ཀྱི་གྲུབ་འབྲས་དངོས་ལ་ཞིབ་དཔྱད་བྱེད་དགོས།

ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བྱ་བའི་ཡུལ་དངོས་བཀོད་འདོམས་པུའུ་རུ་བསྡུས། ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཚན་ཁག་བཅས་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མིན་ཧི་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2022ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དག་ཐེར་ལག་བསྟར་དང་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་སྔོན་གྱི་གྲ་སྒྲིག་གནས་ཚུལ་ཁྱབ་བསྒྲགས་བྱས། མིན་ཧི་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཡིས་རྫོང་ཏང་ཨུའི་རྒྱུན་ལས་ཚན་ཁག་གི་ཚབ་བྱས་ནས་ཞིབ་བསྡུར་ཞིབ་བཤེར་སྤེལ་བ་དང་། ཚན་ཁག་གི་ཁོངས་མིས་རིམ་པ་བཞིན་ཞིབ་བསྡུར་ཞིབ་བཤེར་སྤེལ་ལ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན་དང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་ལྟ་སྐུལ་ཚན་ཆུང་གཉིས་པའི་ཚན་གཙོས་དཔྱད་འཇོག་བྱས།

གཏམ་བཤད་ལ་ཉན་རྗེས། ཁྲིན་ཀང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཡོམ་འགོག་རྒུད་སྐྱོབ་ཁྲོད་དུ་འབད་བརྩོན་ཆེན་པོ་བྱས་པར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། གློ་བུར་དུ་བྱུང་བའི་ས་ཡོམ་གྱི་གནོད་འཚེ་ལ་དམིགས་ནས། འགོ་ཁྲིད་ལས་བྱེད་པས་མིག་དཔེ་སྟོན་པ་དང་གདོང་མཆོང་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་གྱིས་འཛེམ་མེད་མདུན་སྐྱོད་དང་ཞུམ་མེད་ཁག་ཁུར་བྱས་ལ། གཞི་རིམ་རྩ་འཛུགས་བརྟན་ཞིང་ཤུགས་ལྡན་པ་དང་ཁག་ཁུར་འགན་སྒྲུབ་བྱས་པ་དང་། གནོད་ཁུལ་གྱི་མང་ཚོགས་ཀྱིས་སོ་སྲུང་རོགས་རེས་བྱས་ཤིང་། གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཡོམ་འགོག་རྒུད་སྐྱོབ་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལེན་པར་མཉམ་དུ་སྐུལ་འདེད་བཏང་།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཡོམ་འགོག་རྒུད་སྐྱོབ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་དེ། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་འབྲེལ་བ་ཡོད་ལ། མི་དམངས་བུ་སྤུན་དམག་གི་སྒེར་སེམས་མེད་པའི་སྐྱེས་འབུལ་ལ་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་ལས་རིགས་སོ་སོའི་རོགས་སྐྱོར་ཆེན་པོ་དང་འབྲེལ་བ་ཡོད་ལ། ཞིང་ཆེན་གོང་འོག་ཡོངས་ལ་འབྲེལ་བ་ཡོད་པ་དང་། ལྷག་པར་དུ་གནོད་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཞུམ་མེད་རང་སྐྱོབ་དང་མཐུན་སྒྲིལ་རོགས་རེས་ལ་འབྲེལ་བ་ཆེན་པོ་ཡོད། ཡོམ་འགོག་རྒུད་སྐྱོབ་དང་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བྱ་བར་ཟུང་འབྲེལ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་རྒྱུ་དེ་ཡུན་རིང་གི་སློབ་ཚན་ཞིག་ཏུ་བརྩི་བ་དང་། དེའི་ཁྲོད་ནས་བློ་སྒོ་འབྱེད་པ་དང་བསམ་ཕྱོགས་འཚོལ་བ། བྱེད་ཐབས་བཙལ་ནས། དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། བརྗོད་དོན་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། མི་དམངས་ནམ་ཡང་སེམས་ཁོང་གི་གོ་གནས་ཆེས་མཐོ་སར་འཇོག་པ་དང་། མང་ཚོགས་ཀྱི་ཟུར་ངོས་སུ་འགྲེང་ནས་གནད་དོན་ལ་བལྟ་བ་དང་བྱེད་ཐབས་འཚོལ་བ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ལ་རྒྱུས་ལོན་བྱེད་པ། མང་ཚོགས་ཡིད་ཚིམ་མིན་ཚད་གཞི་རུ་བརྩིས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱེད་དགོས། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པ་སོགས་ཀྱི་བྱ་བ་ཟུང་འབྲེལ་བྱེད་པ་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཞི་མཉམ་འཛུགས་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དེའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ་ལག་བསྟར་ནན་མོ་བྱེད་པ་དང་། རུལ་སུངས་ལ་ཞིབ་བཤེར་ཟབ་མོ་དང་ནན་མོ་བྱེད་པ། རྫོང་རིམ་པའི་འགོ་ཁྲིད་ཚན་ཁག་གིས་མིག་དཔེ་སྟོན་པ་དང་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྣང་ཚུལ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ནས། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ལས་གཞི་ནི་སྤུས་ལེགས་བཟོ་སྐྲུན་དང་དམངས་སེམས་བཟོ་སྐྲུན། སྲིད་གཙང་བཟོ་སྐྲུན་ཡིན་པར་ཁག་ཐེག་བྱེད་དགོས། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་གོ་སྐབས་སུ་བརྩི་བ་དང་། ལས་བྱེད་པ་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་སྤྱོད་དངོས་ལ་བརྟེན་ནས། ལས་རྐང་གཡུལ་ས་རུ་བརྩིས་ནས་བརྟན་སྲུང་བྱེད་པ་དང་། བྱ་བ་ལས་དོན་དུ་བརྩིས་ནས་བསྒྲུབ་སྟེ། སྟོབས་ཤུགས་ཡོད་རྒུས་ད་ལོའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས།

གྲོས་ཚོགས་ཀྱིསྔོན་དུ། ཁྲིན་ཀང་མིན་ཧོ་རྫོང་ཀན་ཀི་ཡུལ་ཚོ་ཧྭན་ཅ་ཙུའེ་སྡེ་བ་དང་། ཀྲུང་ཁྲོན་ཡུལ་ཚོ་ཅིན་ཐེན་སྡེ་བ་དང་ཚའོ་ཐན་སྡེ་བ། ཀྲུང་ཁྲོན་ཡུལ་ཚོ་ཝུན་ཅ་སིའི་བདེ་འགོད་བྱེད་ས་བཅས་ལ་སོང་ནས། གནོད་ཐེབས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། འདམ་རྫང་གཙང་སེལ་གྱི་རྗེས་མཐུད་བྱ་བར་རྒྱུས་ལོན་བྱས་ལ། སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་སྙན་ཞུ་ལ་ཉན་པ་དང་། ཡུལ་དངོས་ནས་གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་འགན་སྲུང་དང་དམངས་བདེ་དམངས་དྲོད་ཀྱི་ཞབས་ཞུ་དང་བདེ་འཇགས་བྱེད་ཐབས་ལག་བསྟར་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད། མཚོ་ཤར་གྲོང་ཁྱེར་གྱིས་གཞི་གྲངས་ཆེན་པོ་བཀོལ་ནས་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལ་རོགས་འདེགས་བྱེད་པའི་བྱེད་ཐབས་གསར་གཏོད་བྱས་པར་ཁས་ལེན་གང་ལེགས་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་གཞོན་པ་ཀྲུའུ་ཞང་ཧྥིན་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།