ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་བྱ་བའི་བཀོད་སྒྲིག་ལྟར། བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཝེ་ཏུང་དང་། ཀྲའོ་ཡའོ་ཞཱ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ཏཱ་ནན། ཝང་ལིན་ཧུའུ། ཝུའུ་ལཱ་ཙི་པེ་ཁི་རི་སུའུ་ལེ་ཧན། པད་ཁོ། ཀྲུའུ་ཞང་ཧྥུན་བཅས་སོ་སོར་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་དང་རྩེ་ཁོག་རྫོང་། རྨ་སྟོད་རྫོང་། དར་ལག་རྫོང་། ཁྲི་ཀ་རྫོང་། གཏེར་ལེན་ཁ་གྲོང་ཁྱེར། མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྗོང་། ནང་ཆེན་རྫོང་། མདའ་བཞི་རྫོང་བཅས་སུ་སོང་ནས། འབྲེལ་གཏུག་བྱེད་སའི་རྫོང་དང་གྲོང་ཁྱེར། ཆུའུ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། དགོངས་པར་སློབ། ཏང་གཤིས་བསྐྱེད། ལག་ལེན་འཛིན། བྱས་རྗེས་འཇོག་པའི་ཞོར་དུ་ཟོལ་མེད་ཀྱིས་བརྗོད་དོན་སློབ་གསོ་ལས་བྱུང་བའི་ཡིད་ཆེས་དང་བརྩོན་སེམས། སྟོབས་ཤུགས་བཅས་སྐུལ་སྤེལ་བྱེད་པ་དང་། འགན་འཁྲི་ཁུར་དུ་ལེན་པ་དང་དངོས་གཉེར་དམ་འཛིན་བྱེད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་གཟོས་འབད་འཐབ་བྱས་ནས། ཧུར་ཐག་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་དགོས།
ཚོགས་འདུའི་སྔོན་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་ནན་ཏན་གྱིས་འབྲེལ་གཏུག་བྱེད་སའི་རྫོང་དང་གྲོང་ཁྱེར། ཆུའུ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་དང་ཁོངས་མིའི་དཔེ་བསྡུར་ཞིབ་བཤེར་རྒྱུ་ཆར་ལྟ་ཀློག་བྱས་པ་དང་། ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། འབྲེལ་གཏུག་བྱེད་སའི་རྫོང་དང་གྲོང་ཁྱེར། ཆུའུ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཉིས་ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ནས་རྩད་ཆོད་པའི་གནད་དོན་ལེགས་བཅོས་བྱེད་ཐབས་དངོས་འབེབས་བྱེད་པའི་གནས་ཚུལ་དང་ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་སྔོན་གྱི་གྲ་སྒྲིག་གནས་ཚུལ་སྙན་ཞུ་བྱས། འབྲེལ་གཏུག་བྱེད་སའི་རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གིས་དཔེ་བསྡུར་ཞིབ་བཤེར་བྱེད་པ་དང་། མགོ་ཁྲིད་ཚན་ཁག་གི་ཁོངས་མི་རེ་རེ་བཞིན་དཔེ་བསྡུར་ཞིབ་བཤེར་དང་རང་ཉིད་སྐྱོན་བརྗོད་བྱས་ནས། ཕན་ཚུན་སྐྱོན་བརྗོད་དང་བསམ་འཆར་བཏོན། གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་ནན་བསྒྲུབ་བྱས་པ་བཟང་ཞིང་། ཕན་ཚུན་སྐྱོན་བརྗོད་བྱས་པ་རྣམ་དག་གཟབ་ནན་ཡིན་ལ། རྩད་ཆོད་པའི་གནད་དོན་ལ་གོ་བ་ཟབ་པ། ལེགས་བཅོས་བྱེད་ཐབས་བྱེ་བྲག་དོན་དངོས་ཡིན་པས། སྔོན་དཔག་གི་ཕན་འབྲས་བླངས་ཡོད།
ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་བརྟེན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལང་ལོང་སྒོས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་དམ་འཛིན་དང་དངོས་འབེབས་བྱེད་དགོས་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཁ་ཕྱོགས་དང་ཐབས་ལམ། བྱེད་ཐབས་བཅས་འཚོལ་ཞིབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ཁུར་དུ་ལེན་པ་དང་བྱ་བ་སྣ་ཚོགས་ཀྱི་སྔོན་དཔག་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཐོས་བསམ་བཀོལ་གསུམ་དམ་འཛིན་གྱིས་ཤེས་རྟོགས་དང་ཡིད་རྟོན། འགུལ་སྐྱོད་བཅས་གཅིག་གྱུར་ཡོང་བར་བྱེད་དགོས། དངོས་འབེབས་ནན་མོ་བྱེད་པ་རྒྱུན་འཁྱོངས་དང་རྩོམ་གྱི་ལེའུ་ཕྱེད་རྗེས་མ་བཟང་བོར་འབྲི་བ་དང་། དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གནད་དོན་རྩད་ཞིབ་དང་བཏོན་པའི་བསམ་འཆར་ལ་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་རེ་རེ་བཞིན་ཇེ་ཞིབ་ཏུ་བཏང་སྟེ། གསལ་ཁྲ་ཅན་དང་འཁོར་སྡོམ་ཅན་གྱི་རྐྱེན་སྲོལ་གྱིས་ལེགས་བཅོས་དངོས་འབེབས་དམ་འཛིན་བྱེད་པ་དང་།
དམངས་དོན་དུ་དོན་དངོས་བསྒྲུབས་པའི་ཕན་འབྲས་ཀྱིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཡུན་རིང་རྐྱེན་སྲོལ་ཆགས་པར་སྐུལ་འདེད་གཏོང་དགོས། ལས་སྒྲུབ་ལས་གཏོད་ཀྱི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་དང་སྐུལ་སྤེལ་གང་ལེགས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་འཛུགས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་ནས་ཕན་འབྲས་བརྩོན་ལེན་དང་དཔེ་སྟོན་བྱས་ཏེ། ཤུགས་ཆེན་པོས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
བསོད་ནམས་ཚེ་རིང་གིས་བསྒྱུར།