ཞིང་ཆེན་སྲིད་གྲོས་ཀྱིས་བཅའ་ཁྲིམས་བློ་འདྲི་བའི་གདན་ཞུ་དང་བཅའ་ཁྲིམས་ཞབས་ཞུའི་ཨུ་ཡོན་ལས་དོན་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།
2024.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ2ཚེས1ཉིན་ཞིང་ཆེན་སྲིད་གྲོས་ཀྱིས་བཅའ་ཁྲིམས་བློ་འདྲི་བའི་གདན་ཞུ་དང་བཅའ་ཁྲིམས་ཞབས་ཞུའི་ཨུ་ཡོན་ལས་དོན་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པར་མ་ཟད། ཁྲིམས་རྩོད་པ་ལྔ་ལ་བཅའ་ཁྲིམས་བློ་འདྲི་བའི་གདན་ཞུའི་ཡི་གེ་སྤྲད་པ་དང་ཁྲིམས་རྩོད་ཁང་བཞི་ལ“བཅའ་ཁྲིམས་ཞབས་ཞུའི་ཨུ་ཡོན་ལས་དོན་ས་ཚིགས”ཀྱི་སྒོ་བྱང་སྤྲད།

བཅའ་ཁྲིམས་བློ་འདྲི་བ་གདན་ཞུ་བྱས་ཏེ“བཅའ་ཁྲིམས་ཞབས་ཞུའི་ཨུ་ཡོན་ལས་དོན་ས་ཚིགས”བཙུགས་ནས་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་སྤེལ་བ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ལག་བསྟར་དོན་འཁྱོལ་དང་། ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་འཛུགས་སྐྲུན་ལ་སྐུལ་འདེད། ཁྲིམས་སྐྱོང་ལས་ཁུངས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པར་མ་ཟད། ཨུ་ཡོན་གྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་དང་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་ཐབས་ལམ་རྒྱ་ཆེར་གཏོང་བ། ལས་རིགས་སོ་སོའི་མང་ཚོགས་དང་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་རེད། ཞིང་ཆེན་སྲིད་གྲོས་ཀྱིས་གདན་ཞུ་དང་ལེན་ཞུས་པའི་བཅའ་ཁྲིམས་བློ་འདྲི་བ་དང་བཅའ་ཁྲིམས་ཞབས་ཞུའི་ཨུ་ཡོན་གྱི་ལས་དོན་ས་ཚུགས་ཀྱི་འགན་འཁུར་བས་ཏན་ཏིག་ངང་ཆབ་སྲིད་ལངས་གནས་མཐོ་རུ་གཏོང་བ་དང་། ཁྲིམས་སྐྱོང་བསམ་བློའི་དོན་སྙིང་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། རང་འགུལ་ངང་ཆབ་སྲིད་ཐད་ཀྱི“བསམ་ཤེས་ཅན”དང་། རང་འགན་སྒྲུབ་སྐབས་ཀྱི“ནང་མི།”ཞབས་ཞུའི་ཐད་ཀྱི“སྙིང་ཉེ་བ”བཅས་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད། ཐབས་འདོན་ཇུས་འབུལ་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ“བཅའ་ཁྲིམས་ཀྱི་འགག་སྒོ”དང“སྲིད་ཇུས་ཀྱི་འགག་སྒོ”ཡག་པོར་སྲུང་དགོས། སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པ་དང་། སྲིད་གྲོས་ཨུ་ཡོན་ལ་ཞབས་འདེགས་ཞུ་བ། སྲིད་གྲོས་ལས་ཁུངས་ལ་ཞབས་འདེགས་ཞུ་བ། ལས་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲོད་དུ་བཅའ་ཁྲིམས་བློ་འདྲི་བའི་སྣང་བརྙན་བཟང་པོ་མཚོན་པར་བྱ་དགོས། ཞབས་ཞུ་འགན་ལེན་ཇེ་ལེགས་སུ་བཏང་སྟེ་བཅའ་ཁྲིམས་བློ་འདྲི་བ་དང་ཨུ་ཡོན་གྱི་ལས་དོན་ས་ཚིགས་ཀྱིས་འགན་འཁྲི་བསྒྲུབ་རྒྱུར་ཆ་རྐྱེན་བསྐྲུན་པར་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས།

རྒྱུས་ལོན་བྱུང་བ་ལྟར་ན་བཅའ་ཁྲིམས་ཞབས་ཞུའི་ཨུ་ཡོན་གྱི་ལས་དོན་ས་ཚིགས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་བཅའ་ཁྲིམས་བློ་འདྲིའི་ལས་ཀའི་ལམ་ལུགས་ཁྲོད་གཏན་འབེབས་བྱས་པའི་འགན་འཁྲི་སྒྲུབ་པ་དང་དུས་མཚུངས་སུ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་ལ་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། ཞིང་ཆེན་སྲིད་གྲོས་ཀྱིས་ཁྲིམས་སྐྱོང་ཁྱབ་ཁོངས་ནང་སྤེལ་བའི་འབྲེལ་ཡོད་བརྟག་ཞིབ་དང་ལྟ་ཞིབ་བྱེད་སྒོར་དགོས་ངེས་ཀྱི་རིག་སྟོབས་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པའི་ཁྲིམས་སྐྱོང་སློབ་གསོའི་གསོ་སྦྱོང་གི་ལས་འགན་ཁག་ཅིག་གི་འོས་འགན་དང་དུ་བླངས་ནས། ཞིང་ཆེན་སྲིད་གྲོས་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་གཞོགས་འདེགས་བྱས་ནས་འབྲེལ་ཡོད་གྲོས་གཞིའི་བཅའ་ཁྲིམས་ཞིབ་བཤེར་ལས་དོན་སྤེལ་རྒྱུ་རེད།