ཟླ་གཉིས་པའི་ཚེས་ཚེས་གཅིག་ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལི་མིན་གྲོས་ཚོགས་ལ་ཞུགས་པ་དང་གཏམ་བཤད། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན། ཏང་ཙུའུ་ཁོངས་མི་དང་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་མཚོ་སྔོན་འཐུས་ཚབ་ཚོགས་པ་དང་འཐུས་མིའི་གྲོས་གཞིའི་བསམ་འཆར་གྲ་སྒྲིག་སོགས་ཀྱི་གནས་ཚུལ་དང་འཐུས་མིས་ཁྲིམས་ལུགས་གྱོད་དོན་ཞིབ་ཀློག་བྱས་པའི་གནས་ཚུལ། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོའི་བླང་བྱ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲ་སྒྲིག་བྱ་བའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་དང་ཞབས་ཞུའི་འབྲེལ་ཡོད་བྱ་བ་ཞིབ་འཇུག་དང་གཏན་ཁེལ་བྱས།
གྲོས་ཚོགས་ནས་བསྟན་དོན། མཚོ་སྔོན་འཐུས་ཚབ་ཚོགས་པའི་བྱ་བའི་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲིའི་ཁག་ཁུར་དང་འགན་འཁྲི་འཁུར་སེམས་ཀྱི་མཐོ་ཚད་ནས་བསམ་བློ་གཅིག་གྱུར་དང་ལངས་གནས་མཐོར་འདེགས་བཏང་སྟེ། མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲ་སྒྲིག་བྱ་བ་ཁག་དང་ཞབས་ཞུ་འགན་སྲུང་བྱ་བ་ལེགས་པར་བསྒྲུབ་དགོས། གཅིག་ནས་འཐུས་མིའི་གྲོས་གཞིའི་བསམ་འཆར་བྱ་བ་སྔོན་ལ་བསྒྲུབ་ནས་བསམ་འཆར་སྔར་ལས་མང་པོ་རྒྱལ་ཡོངས་དམངས་ཆེན་གྱི་ལྟ་སྐུལ་བསམ་འཆར་ཁྲོད་འཇོག་དགོས། གཉིས་ནས་འཐུས་མི་རྩ་འཛུགས་བྱས་ནས་ཁྲིམས་ལུགས་གྱོད་དོན་བྱ་བར་གྲོས་ཞིབ་བྱས་ནས་སྤུས་ཚད་མཐོ་བའི་གྲོས་ཞིབ་བསམ་འཆར་འདོན་པར་འགན་སྲུང་བྱེད་དགོས། གསུམ་ནས་དྲིལ་སྒྲོག་བྱ་བ་ནན་ཏན་གྱིས་བསྒྲུབ་པ་དང་ཚོགས་ཆེན་གཉིས་ཀྱི་ནང་དོན་བརྒྱུད་སྒྲོག་བྱེད་པ། མཚོ་སྔོན་གྱི་སྣང་ཚུལ་བཟང་པོ་བསྐྲུན་དགོས། བཞི་ནས་ཚོགས་དོན་དང་ཚོགས་པའི་སྒྲིག་སྲོལ་སོགས་འགན་སྲུང་ཞབས་ཞུ་གཅིག་གྱུར་སྒོས་ལེགས་པར་བསྒྲུབ་ནས་ཆབ་སྲིད་རང་རྟོགས་ཀྱི་མཐོ་ཚད་ནས་སེམས་ཞིབ་མོས་འཆར་འགོད་དང་ནུས་ཤུགས་ཡོད་རྒུས་བྱ་བའི་ཞིབ་ཆ་བཟུང་དམ་འཛིན་བྱས་ཏེ། འཐུས་མིས་འགན་སྒྲུབ་བཟང་པོ་བྱེད་པ་དང་འགན་འཁྲི་ལེགས་པར་བསྒྲུབ་པར་ཞབས་ཞུ་ལེགས་པར་བསྒྲུབ་དགོས།
མི་ཕམ་མགོན་པོས་བསྒྱུར།