ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་གཙོ་འཛིན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2024.02.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 49

ཟླ1ཚེས31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་པུའུ་ལཱ་ཞིན·དབྱི་སི་ཀན་ཏཱ་ལ་གློག་འཕྲིན་བཏང་ནས། ཁོས་ཡང་བསྐྱར་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་མ་ལེ་ཞི་ཡ་ནི་རྒྱ་མཚོའི་འདབས་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན། 1974ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་རོགས་རེས། གཉིས་ཕན་མཉམ་ལས་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པའི་དབང་གིས། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཕྱོགས་གཉིས་ཀའི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ཡོད།  2023ལོར་ང་དང་ཙུང་ལི་ཨན་ཝ་ཨར་གཉིས་བར་དུ། རྒྱལ་ཁབ་གཉིས་ཀའི་བར་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། དུས་སྐབས་གསར་བའི་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བར་དངོས་སུ་འཆར་གཞི་བཀོད། 2024ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་དང་། “རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་ལོ”ཡིན་ལ། མ་ལེ་ཞི་ཡས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་མཐུན་སྦྱོར་རྒྱལ་ཁབ་ཀྱི་ལས་འགན་འཁུར་རྒྱུ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་གལ་ཆེ་བའི་གོ་སྐབས་གསར་བར་འཕྲད་ཡོད། ངས་གཙོ་འཛིན་དབྱི་པུའུ་ལཱ་ཞིན་བར་འགྲོ་འོང་དམ་ཟབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ཐོབ་རྒྱུར་ཁྲིད་སྟོན་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་སྔར་ལས་གང་མང་ཐོབ་པར་བྱས་ཏེ། ས་ཁུལ་དར་རྒྱས་བརྟན་བརླིང་ཡོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འབུལ་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།