ལིས་ཆང་གིས2024ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མི་གཞུང་བརྗེ་རེས་ལོའི་འགོ་རྩོམ་མཛད་སྒོར་ཤིས་ཚིག་ཕུལ།
2024.02.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ2པའི་ཚེས2ཉིན་2024ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མི་གཞུང་བརྗེ་རེས་ལོའི་འགོ་རྩོམ་མཛད་སྒོར་ཤིས་ཚིག་ཕུལ།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ནི་རི་ཆུ་འདབས་འབྲེལ་གྱི་རྒྱལ་ཁབ་ཡིན་པ་དང་། མི་ཆོས་དོན་མཐུན་དང་མཛའ་མཐུན་རྒྱུན་རིང་བ་ཞིག་ཡིན། ཕྱོགས་གཉིས་ཀྱིས་མཉམ་དུ་ཕུན་སུམ་ཚོགས་པའི་ཨེ་ཤ་ཡའི་རིག་གནས་བསྐྲུན་པ་དང་འོད་སྟོང་འབར་བའི་རིག་གནས་ཀྱི་གཟི་འོད་འཕྲོ་བར་བྱས་ཡོད། ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ་ནི་གནའ་ནས་བཟུང་མཚོ་ཐོག་དར་གོས་ཚོང་ལམ་གྱི་གཞི་རྟེན་གལ་ཆེན་ཡིན་པ་དང་ཀྲིན་ཧི་ཐེངས་བདུན་ལ་ནུབ་ཀྱི་རྒྱ་མཚོར་བསྐྱོད་ནས་ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་མཛའ་མཐུན་བརྗེ་རེས་དང་དཔལ་འབྱོར་བརྗེ་རེས་ཀྱི་སྙན་པ་བསྐྲུན་ཡོད། མིག་སྔར་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་ཐད་མུ་མཐུད་གོམ་པ་གསར་བ་སྤོས་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཛའ་མཐུན་རྒྱུན་འཁྱོངས་བྱེད་དགོས་ན་ངེས་པར་དུ་ཕྱོགས་གཉིས་ཀྱི་འབྲེལ་བའི་སྤྱི་ཚོགས་གནས་བབ་བཟང་བོ་སྲ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་བརྗེ་རེས་ལོ་གོ་སྐབས་སུ་བྱས་ནས་ལག་རྡང་སྦྲེལ་ནས་འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་ལག་ལེན་བྱེད་པ་དང་། ཞི་བདེ་དང་མཉམ་ལས། དཀྱེལ་ཡངས། མཉམ་འདྲེས་བཅས་ལྟེ་བར་བྱས་པའི་ཨེ་ཤ་ཡ་གླིང་གི་རིན་ཐང་ལྟ་བ་དར་སྤེལ་བཏང་ནས་ཕྱོགས་གཉིས་ཀྱི་མི་དམངས་དུང་ཕྱུར་ཉི་ཤུ་ལྷག་གི་མཉམ་འདྲིས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ནས་ཞི་བདེ་དང་བདེ་འཇགས། དར་རྒྱས། མཛེས་སྡུག མཛའ་མཐུན་གྱི་ཐུན་མོང་གི་ཁྱིམ་གཞིས་བསྐྲུན་པར་རེ་སྒུག་བྱས་ཡོད།

ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ལའོ་ཝའོ་ཡི་ཙུང་ལི་སུང་སའེ་ཡིས་ཀྱང་འགོ་རྩོམ་མཛད་སྒོར་ཤིས་ཚིག་ཕུལ།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།