ཟླ2པའི་ཚེས2ཉིན། 2024ལོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཅུའུ་ཀྲང་དང་ཞིང་ཆེན་ཡོངས་ཀྱི་རིག་དངོས་ཅུའུ་ཀྲང་གི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། 2023ལོའི་བྱ་བར་ཕྱོགས་བསྡོམས་བྱས་པ་དང་། 2024ལོའི་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། 2024ལོའི་རིག་གནས་དང་ཡུལ་སྐོར་ལས་དོན་གྱིས་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བཅས་དུས་རབས་གསར་བའི་རིག་གནས་ཀྱི་ལས་འགན་གསར་བ་ཕྲག་ཏུ་འཁུར་ཞིང་། དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་བསྡུ། མི་སྣ་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་མངོན་པ་བཅས་ལ་གཞིགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱེད་པ། མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་བ་དང་། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཇེ་ཆེར་གཏོང་རྒྱུ་བཅས་ཤུགས་འདོན་ས་བྱས་ནས། ཤུགས་ཆེན་པོས་རིག་གནས་ལྔ་གསོ་སྐྱོང་དར་སྤེལ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་གཏིང་ཟབ་ཏུ་མཉམ་འདྲེས་ཡོང་བར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བླང་བྱ་གལ་ཆེན་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འཆར་འགོད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྲིད་ཇུས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ། རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དམ་པོར་འཛིན་པ་དང་། རྣམ་གྲངས་འཛུགས་སྐྲུན་འབུར་དུ་ཐོན་པར་བྱེད་པ། ཁེ་ལས་ཀྱི་འགུལ་ནུས་སྐུལ་སྤེལ་བཅས་ཀྱི་གཅིག་ཅན་ལྔའི་བླང་བྱ་ལྟར། ནུས་ཤུགས་ཡོད་རྒུས་སྒྱུ་རྩལ་གསར་རྩོམ་ཐོན་སྐྱེད་དར་རྒྱས་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་དེང་རབས་ཀྱི་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་རིག་དངོས་སྲུང་སྐྱོབ་དང་གསོན་ཤུགས་ལྡན་པར་བེད་སྤྱོད་བྱེད་པར་ཤུགས་སྣོན་པ་དང་། ནུས་ཤུགས་ཡོད་རྒུས་གཟུགས་འདས་རིག་དངོས་སྲུང་སྐྱོབ་རྒྱུད་འཛིན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། ནུས་ཤུགས་ཡོད་རྒུས་རིག་དངོས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་རིག་གནས་དང་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། རིག་གནས་དང་ཡུལ་སྐོར་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ནུས་ཤུགས་ཡོད་རྒུས་ལས་རིགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ། ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཡུལ་སྐོར་པ་མང་བའི་དུས་ཚིགས་ཀྱི་སྣེ་ལེན་ལ་གྲ་སྒྲིག་བཟང་བོ་བཅས་བྱེད་དགོས།
ལྷ་མོ་འཚོས་བསྒྱུར།