ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་སར་སྔོན་ལ་ཐེན་ཅིན་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་འཚམས་འདྲི་གནང་།
2024.02.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ2ཚེས2ཉིན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་འཚམས་འདྲི་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པར་མ་ཟད། ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པའི་ཚུལ་རེད། 

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ2པའི་ཚེས2ཉིན་ཐེན་ཅིན་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་འཚམས་འདྲི་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པར་མ་ཟད། ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།

ཟླ2ཚེས2ཉིན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་དུ་སྡོད་པའི་དམག་དཔུང་ལ་གཟིགས་ཞིབ་འཚམས་འདྲི་གནང་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པར་མ་ཟད། ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས། འདི་ནི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཐེན་ཅིན་དུ་སྡོད་པའི་དམག་དཔུང་གི་འཐུས་ཚབ་དཔོན་དམག་ལ་འཚམས་འདྲི་མཛད་པའི་ཚུལ་རེད།

དཔྱིད་ཀྱི་དཔལ་ཡོན་ཤར་བའི་འགྲོས་དང་བསྟུན་ནས་ཅིན་མོན་ས་གཞི་ཆེན་མོར་ཉམས་སྣང་གསར་པ་རྒྱས། སྔ་དྲོའི་དུས་ཚོད་བཅུའི་སྟེང་དུ། ཞི་ཅིན་ཕིང་ཐེན་ཅིན་ཉེན་ཟོན་བདེ་སྲུང་དམག་ཁུལ་དུ་ཕེབས་ཏེ། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཐེན་ཅིན་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན།

ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་གི་རིང་། ཐེན་ཅིན་དུ་སྡོད་པའི་དམག་དཔུང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། ལས་དོན་སོ་སོར་སྐུལ་འདེད་ནུས་ལྡན་བཏང་ལ། ལས་འགན་གལ་ཆེན་ཡོངས་འགྲུབ་གང་ལེགས་བྱས་པ་དང་། ཁྱད་པར་དུ་ཐེན་ཅིན་གྱི་འབྲུབ་འགོག་ཉེན་སེལ་ལ་རོགས་སྐྱོར་ནུས་ལྡན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ལོ་གསར་པའི་ནང་། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་ནན་མོ་བྱེད་རྒྱུ་དང་། དུས་རབས་གསར་བའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་ཟབ་སྤེལ་བྱེད་པ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། འགན་འཁྲི་ཁུར་སེམས་ཇེ་ཆེར་གཏོང་བ། ལས་དོན་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་པ། དམག་དཔུང་འཛུགས་སྐྲུན་གྱི་རྣམ་པ་གསར་བ་འབད་པས་གཏོད་པ་བཅས་བྱས་ནས། ཏང་དང་མི་དམངས་ཀྱིས་བཅོལ་བའི་ལས་འགན་ཚང་མ་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་མཇུག་མཐར་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་དབང་གིས། དམག་ཡོངས་ཀྱི་དམག་དཔུང་གིས་དམག་གྲབས་ལས་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ། རྒྱལ་ཡོངས་མི་དམངས་ཚང་མས་སྤྲོ་སྣང་དང་འཆམ་མཐུན། བདེ་འཇགས་བཅས་ཀྱི་སྒོ་ནས་ལུགས་རྙིང་ལོ་སར་སྐྱིད་པོ་ཞིག་རོལ་བར་འགན་ལེན་བྱེད་དགོས། ལས་དོན་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། དཔོན་དམག་གི་དུས་ཆེན་རིང་གི་འཚོ་བར་བཀོད་སྒྲིག་ཡག་པོ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཧི་ཝེ་ཏུང་སོགས་བྱ་འགུལ་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།