ཞིང་ཆེན་ཡོངས་ཀྱི་བཙོན་ཁང་བྱ་བའི་གྲོས་ཚོགས་ཟླ2པའི་ཚེས2ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས2023ལོའི་བྱ་བར་སྤྱི་སྡོམ་དང་ཕྱིར་ལྟ་བྱས་པ་དང་། 2024ལོའི་ལས་འགན་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐད་འཐབ་དམིགས་འབེན་གཙིགས་འཛིན་བྱས་པས། ཏང་གི་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། བདེ་འཇགས་ཀྱི་རྨང་གཞི་ལ་གསར་དུ་ཤུགས་བསྣན་ལ། ཉེས་ཅན་སྒྱུར་བཀོད་སྐས་རིམ་གསར་བར་སླེབས་པ་དང་། ཁྲིམས་འཛིན་གྱོད་སྒྲུབ་ཆུ་ཚད་གསར་བར་སླེབས་ལ། དཔུང་སྡེ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་མངོན་ལ། ཕྱོགས་བསྡུས་འགན་སྲུང་ཐད་ནས་སྒུལ་ནུས་གསར་བ་བསགས་ཏེ། ཏང་དང་མི་དམངས་ལ་ཡང་བསྐྱར་རྒྱུགས་ལན་བཟང་བོ་སྤྲད།
ཚོགས་ཐོག་ནས། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཇེ་བརྟན་དུ་གཏོང་བ། བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་པ། མ་ལག་བསམ་བློ་རྒྱུན་འཁྱོངས་བྱེད་པ། མི་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྟོབས་ལྡན་བློ་བརྟན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ཏང་གི་འགོ་ཁྲིད་ཀྱི་རྩ་བའི་གཞི་འཛིན་ས་ཁོང་དུ་ཆུད་པར་བྱས་ནས། ཆབ་སྲིད་འཛུགས་སྐྲུན་གྱི་མཐོར་འདེགས་བཟོ་སྐྲུན་ལག་བསྟར་བྱེད་དགོས། བདེ་འཇགས་བརྟན་འཇགས་ཀྱི་ཚད་མཐའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། བདེ་འཇགས་བཅོས་སྐྱོང་གི་མཐོར་འདེགས་བཟོ་སྐྲུན་ལག་བསྟར་བྱེད་དགོས། ཉེས་ཅན་སྒྱུར་བཀོད་བྱེད་པའི་ལས་འགན་གཙོ་བོ་ཁོང་དུ་ཆུད་པར་བྱས་ནས། སེམས་འདུལ་རྩ་བཅོས་ཀྱི་མཐོར་འདེགས་བཟོ་སྐྲུན་ལག་བསྟར་བྱེད་དགོས། དཔུང་སྡེ་འཛུགས་སྐྲུན་གྱི་གནད་འགག་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ཏེ། འགན་སྒྲུབ་ནུས་པའི་མཐོར་འདེགས་བཟོ་སྐྲུན་ལག་བསྟར་བྱེད་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་ངེས་གནས་ཁོང་དུ་ཆུད་པར་བྱས་ནས། ཕྱོགས་བསྡུས་འགན་སྲུང་གི་མཐོར་འདེགས་བཟོ་སྐྲུན་ལག་བསྟར་བྱེད་དགོས། ཉེན་ཁ་འགོག་སྲུང་དང་བདེ་འཇགས་འགན་སྲུང་། ཚད་ལྡན་དམ་འཛིན། སྒྱུར་བཀོད་དམ་འཛིན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་གཙོ་ཐིག་ལ་དམིགས་ཏེ། བདེ་འཇགས་བཙོན་ཁང་དང་ཁྲིམས་སྐྱོང་བཙོན་ཁང་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་བཙོན་ཁང་མ་ལག་གི2023ལོའི་གྲུབ་འབྲས་དཔྱད་ཞིབ་ཀྱི་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་ཁྲུའུ་དང་གཞུང་སྒྲུབ་ཁང་། 2023ལོའི་ལྟ་སྐུལ་དོ་དམ་སྒྱུར་བཀོད་ཀྱི་སྔོན་ཐོན་སྡེ་ཁག་ལ་གཟེངས་བསྟོད་བྱས།
རིན་ཆེན་མཚོས་བསྒྱུར།