ཟླ2པའི་ཚེས1ནས་ཚེས3ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཧི་པེ་རུ་རྟོག་ཞིབ་གནང་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་ཕབ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། དུས་རྣམ་ཀུན་ཏུ་སེམས་ཁྲལ་ཆེན་པོ་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་ཁག་ཁུར་སྙིང་སྟོབས་ལ་བརྟེན་ནས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། སྐྱོད་ལམ་གསར་བའི་སྟེང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནན་མོ་གཏོང་དགོས་ཞེས་ནན་གྱིས་གསུངས།
ལིས་ཞི་ཡིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་དེར་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས། “སྤྱོད་གཙང་ཞུང་ཨན”འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་ནས། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས། ལིས་ཞི་ཡིས་རྟོག་ཞིབ་བྱེད་སྐབས། ལུགས་རྙིང་ལོ་སར་སྐབས་ཀྱི་སྤྱོད་བཟང་སྒྲིག་ནན་གྱི་ལས་དོན་ཡག་པོར་སྒྲུབ་ནས། སྤྱོད་གཙང་གཞུང་དྲང་གི་དུས་ཆེན་གྱི་རྣམ་པ་ཞིག་བསྐྲུན་དགོས་ཞེས་གསུངས།
ལིས་ཞི་ཡིས་རྟོག་ཞིབ་བྱེད་སྐབས་འགོ་འཛིན་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་ནི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི“རྩ་གནད”དང“བླ་སྲོག”ཡིན་པས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བརྩེ་དུང་ཟབ་མོ་དང་དད་སེམས་བརྟན་པོ། ལས་འགན་དྲག་པོ་བཅས་ལ་བརྟེན་ནས། ཏང་གི་རང་ངོས་གསར་བརྗེ་ཡི་ཆོས་ཉིད་ལ་ངོས་འཛིན་ཞིབ་མོ་བྱས་ཏེ། དགོངས་པ་གལ་ཆེན་དེར་གོ་བ་ཟབ་མོ་ལེན་པ་དང་སྟངས་འཛིན་ཡང་དག་བྱེད་དགོས་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།