ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2024.02.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཟླ2པའི་ཚེས4ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་གིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིག་སྔའི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བཅས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཤིང་། འབྲེལ་ཡོད་ལས་དོན་ཁག་ལ་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་ཟླ1ཚེས31ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིག་སྔའི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན། ད་དུང་ཀྲུང་གུང་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི2024ལོའི་བྱ་བ་གཙོ་བོ།  སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི2024ལོའི་བྱ་བ་གཙོ་བོ་སོགས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་བླང་བྱ་གསར་བ་དང་བཀོད་སྒྲིག་གསར་བ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་གྱི་ཚོགས་ཆེན་གཉིས་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ཁག་ལ་གཞིགས་ཤིང་། རང་ཞིང་གི་སྲིད་གྲོས་བྱ་བའི་དོན་དངོས་དང་འབྲེལ་ནས།  2024ལོའི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་དང་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གཙོ་གནད་གཉིས་མགྱོགས་མྱུར་ངང་གཏན་འབེབས་བྱས་ཏེ།  སྤུས་ཚད་མཐོ་ལ་ཚད་གཞི་མཐོན་པོས་ལོ་ཧྲིལ་བོའི་བྱ་བའི་ལས་འགན་ཁག་འགྲུབ་པར་རྨང་གཞི་བཏིང་ནས་འཆར་འགོད་ལེགས་པོ་བྱེད་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་སྒྲོག་དང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  གྲོས་ཚོགས་གསུམ་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་།  ཞིབ་ཕྲའི་བསམ་ཕྱོགས་དང་བྱེད་ཐབས་ཞིབ་འཇུག་བྱས་ནས་འདོན་པ། ཞིང་ཆེན་ཏང་ཨུའི་བསམ་བློ་རིག་གནས་དྲིལ་སྒྲོག་དང་དྲ་འཕྲིན་བྱ་བའི་སྐོར་གྱི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

གྲོས་ཚོགས་སྟེང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གཏན་འགོག་བཅུའི་བླང་བྱ་ལག་བསྟར་ནན་མོ་བྱེད་པ། སྤྱོད་གཙང་གཞུང་དྲང་གི་སྲོལ་གསར་སྲོལ་བཟང་དར་སྤེལ་བྱས་ཏེ། སྤྱོད་གཙང་དང་དཔལ་ཡོན་ལྡན་པའི་སྒོ་ནས་དུས་ཆེན་རོལ་དགོས།

ལྷ་མོ་འཚོས་བསྒྱུར།