ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་གྲོས་ཚོགས་བསྡུས།
2024.02.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ2པའི་ཚེས4ཉིན། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། ད་ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ནས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་བའི་བླང་བྱ་གཏིང་ཟབ་ཏུ་ལག་བསྟར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་དམ་པོར་དམིགས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་སེམས་ཤུགས་གཅིག་ཏུ་སྒྲིལ་བའི་ཐབས་ཤེས་ཆེན་པོ་འདོན་སྤེལ་གང་ལེགས་བྱས་པ་དང་། དུས་རབས་གསར་བའི་མཚོ་སྔོན་གྱི་འཐབ་ཕྱོགས་བྱ་བར་འཕེལ་རྒྱས་གསར་བ་འབྱུང་བ་དང་གྲུབ་འབྲས་གསར་བ་ལོན་པར་སྐུལ་འདེད་བཏང་།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཟོལ་མེད་ཀྱིས་དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་ལས་འགན་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་དེ་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་ལས་རིམ་ནང་ལག་བསྟར་བྱེད་པ་དང་། གཅིག་གྱུར་འཐབ་ཕྱོགས་བྱ་བ་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་བགྲོད་པར་འགན་སྲུང་བྱེད་དགོས། ཏང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྐོར་གྱི་འཐབ་ཇུས་བྱེད་ཐབས་སྣ་ཚོགས་མཐའ་གཅིག་ཏུ་ལག་ལེན་དངོས་འབེབས་བྱེད་པ་དང་། དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཤིང་། བརྟན་ཐོག་ཡར་འཕེལ་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཤུགས་ཆེན་པོས་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་དཀའ་གནད་གཙོ་གནད་ཐག་གཅོད་བྱས་ནས། སྔར་ལས་ལྷག་པའི་སྙིང་སྟོབས་དང་སྔར་ལས་ནུས་ལྡན་གྱི་བྱེད་ཐབས། སྔར་ལས་བཟང་བའི་སྤྱོད་ཚུལ་བཅས་ལ་བརྟེན་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་དུས་རབས་གསར་བའི་མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་དགོས་ལ། ཐུན་མོང་ལྟ་ཚུལ་དང་སྟོབས་ཤུགས་རྒྱ་ཆེར་གཅིག་བསྡུས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་འབྲི་བར་ཡང་བསྐྱར་བྱས་རྗེས་འཇོག་དགོས་ཟེར།

གྲོས་ཚོགས་ནས་འབྲེལ་ཡོད་ཀྱི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། སྔོན་ཐོན་ལ་གཟེངས་བསྟོད་བྱས་པར་མ་ཟད། གྲོང་ཁྱེར་དང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་འགན་ཁུར་བློ་མཐུན་སྐོར་ཞིག་གིས་བརྗེ་རེས་གཏམ་བཤད་སྤེལ།


བསོད་ནམས་ཚེ་རིང་གིས་བསྒྱུར།