རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་དང་ཚའེ་ཆི་ཚོགས་འདུར་ཞུགས་པར་མ་ཟད་གསུངས་བཤད་གནང་། 
2024.02.06 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 22

རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་ཚེས5ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་ཏང་གི་དཀྱིལ་སྙིང་ལས་འགན་ལ་དམ་པོར་དམིགས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྩ་འཛུགས་བྱ་བར་བཏོན་པའི་བླང་བྱ་ཁག་སོ་སོ་ཁྱོན་ཡོངས་ནས་སྟངས་འཛིན་བྱེད་པ། དུས་རབས་གསར་བའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བཅས་བྱས་ནས་ཏང་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་གྱི་ལག་ལེན་ཁྲོད་གཅིག་གྱུར་ཡོང་བར་བྱེད་དགོས།

ཚའེ་ཆི་ཡིས་བསྟན་དོན། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་ལྷོད་མེད་ངང་གཏིང་ཟབ་ཏུ་གཏོང་བ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པ་དང་། ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བར་བྱས་ནས་འགོ་ཁྲིད་ཚན་ཁག་གི་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་པ་དང་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་མཁན་འགྱུར་མེད་སྟོབས་ལྡན་གྱི་ཐུན་མོང་ཞིག་ཧུར་ཐག་གིས་སྐྱེད་སྲིང་བྱེད་དགོས། དོ་དམ་ལྟ་སྐུལ་ནན་མོ་དང་འགན་འཁྲི་ཁུར་བར་སྐུལ་མ་གཏོང་རྒྱུ་གཉིས་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་བཀོལ་ཁྲིད་སྟོན་ཡང་དག་ལ་བརྟེན་ནས་ལས་སྒྲུབ་ལས་གཏོད་ཀྱི་ཕྱོགས་སྟོན་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱ་ཆེའི་ལས་བྱེད་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་འབད་འབུངས་ཡར་བརྩོན་དང་བྱས་རྗེས་འཇོག་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས། དུས་རབས་གསར་བའི་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཤེས་ལྡན་པའི་མཐོ་ས་དང་གཅིག་སྡུད་ཤེས་ལྡན་མི་སྣའི་ལས་སྟེགས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་གཏོང་བ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་མངོན་གསལ་དོད་པོས་ཇེ་ཆེར་གཏོང་བ་བཅས་བྱས་ནས་ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིས་ཀན་ཅེ་ཡིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་བྱ་བར་བཀོད་སྒྲིག་བྱས་ནས་བསྟན་དོན། རྩ་འཛུགས་སྡེ་ཁག་གིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ་དང་། “སྲུང་སྐྱོང་གཉིས”ཀྱི་སྣེ་ཁྲིད་མཁན་ཡག་པོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། མཁས་འདེམས་འཇོན་བསྐོ་དང་། འཇོན་མི་གསོ་སྐྱོང་། རྨང་གཞི་བརྟན་པར་བྱེད་པ་བཅས་ཀྱི་བྱ་བ་ཏན་ཏིག་ངང་སྒྲུབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས།


ཤ་བོ་གསེར་མཚོས་བསྒྱུར།