ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》ཀྱི་དབྱིན་ཡིག་པར་གཞི་དང་དབྱིན་རྒྱ་ཤན་སྦྱར་པར་གཞི་དེ་ཉེ་ལམ། ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་ཀུན་ལ་ཁ་ཕྱོགས་ནས་འགྲེམས་སྤེལ་བྱས།
《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་ཞིག་ཡིན་པ་དང་། དེའི་ནང་དུ་བློ་མཐུན་ཞི་ཅིན་ཕིང་གིས2012ལོའི་ཟླ11པ་ནས2023ལོའི་ཟླ10པའི་བར་གྱི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ཏེ་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བསྡུས་ཡོད། དཔེ་དེབ་ཧྲིལ་བོ་ཆེད་དོན་བདུན་ལ་དགར་ཡོད་ཅིང་། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་སོགས་ནང་སྙིང་འཛོམས་པོར་མ་ལག་ཚང་བའི་སྒོ་ནས་རྒྱས་བཤད་གཏིང་ཟབ་གནང་བ་མངོན་པར་མཚོན་ཡོད་ཅིང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་དང་ལག་ལེན་ཐད་གསར་གཏོད་དང་ཐོད་བརྒལ་བྱུང་ཡོད་པ་སྒོ་ཀུན་ནས་མངོན་པར་མཚོན་ཡོད།
དཔེ་དེབ་འདིའི་དབྱིན་ཡིག་གི་པར་གཞི་དང་དབྱིན་རྒྱ་ཤན་སྦྱར་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་ཀྱི་མ་ལག་དང་ལག་ལེན་གྱི་བླང་བྱར་གོ་བ་ཟབ་མོ་ལེན་རྒྱུ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་བའི་སྟེང་རྒྱལ་ཁའི་ངང་བསྐྱོད་པ་དང་། མིའི་རིགས་ཀྱི་ཤེས་རིག་གི་རྣམ་པ་གསར་བ་བསྐྲུན་པ། དེང་རབས་ཅན་གྱི་རྣམ་པ་གསར་བ་མངོན་པ་བཅས་ཀྱི་ཐད་སྔར་ལས་རྒྱུས་མངའ་ཆེན་པོ་ལོན་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་བགྲོད་ལམ་སྟེང་བསྐྱོད་པ་དང་། ཞི་བདེ་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་གི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ཐུན་མོང་གི་ངོས་འཛིན་སྔར་ལས་ཆེ་རུ་བསྐྱེད་རྒྱུའི་ཐད་དོན་སྙིང་ཆེན་པོ་ལྡན།
བན་དེ་སྐྱབས་ཀྱིས་བསྒྱུར།