ཞི་ཅིན་ཕིང་གིས་ནཱ་སྨི་པི་ཡའི་ཙུང་ཐུང་ཀུན་ཀི་པུའུ་སྐུ་གཤེགས་པའི་ཐད་ནས་ནཱ་སྨི་པི་ཡའི་ཙུང་ཐུང་གསར་བ་མུའུ་པུན་པཱ་ལ་གློག་འཕྲིན་བཏང་ནས་མྱ་ངན་ཞུས།
2024.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ2པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནཱ་སྨི་པི་ཡའི་ཙུང་ཐུང་ཀུན་ཀི་པུའུ་སྐུ་གཤེགས་པའི་ཐད་ནས་ན་སྨི་པི་ཡའི་ཙུང་ཐུང་གསར་བ་མུའུ་པུན་པཱ་ལ་གློག་འཕྲིན་བཏང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་མྱ་ངན་ཟབ་མོ་ཞུས་པ་དང་། ནཱ་སྨི་པི་ཡའི་སྲིད་གཞུང་དང་མི་དམངས་དང་དེ་བཞིན་ཙུང་ཐུང་ཀུན་ཀི་པུའུ་ཡི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་ཙུང་ཐུང་ཀུན་ཀི་པུའུ་ནི་ནཱ་སྨི་པི་ཡའི་ཕུལ་དུ་བྱུང་བའི་འགོ་ཁྲིད་པ་ཞིག་ཡིན་པ་དང་། སྐུ་འཚོ་བཞུགས་གནང་སྐབས་ཀྲུང་གོ་དང་ནཱ་སྨི་པི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ནཱ་སྨི་པི་ཡ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད། ཁོང་སྐུ་གཤེགས་པ་ནི་ནཱ་སྨི་པི་ཡའི་མི་དམངས་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན་པ་དང་། ཀྲུང་གོ་མི་དམངས་ལ་མཚོན་ནའང་གྲོགས་པོ་བཟང་བོ་ཞིག་ཇེ་ཉུང་དུ་སོང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ནཱ་སྨི་ནི་ཡའི་བར་གྱི་སྲོལ་རྒྱུན་མཛའ་མཐུན་ལ་གཅེས་སྤྲས་བྱས་ནས། ནཱ་སྨི་ནི་ཡ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།