ཁྲིན་ཀང་དང་ཝུའུ་ཞའོ་ཅུན་སོགས་ཞིང་ཆེན་གྱི་འགོ་ཁྲིད་ཚོས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པར་འཚམས་འདྲི་བྱས།
2024.02.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ལུགས་རྙིང་ལོ་གསར་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་སངས་རྒྱས་སྐྱབས་དང་པད་མ་ལ་ཡུལ་དངོས་དང་བརྙན་རིས་ཀྱི་ལམ་ནས་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་བློ་མཐུན་རྒན་པ་ཚོ་དང་གླེང་མོལ་བྱས་ཏེ་འཕེལ་རྒྱས་གླེང་ལ། ལུས་ཕུང་བདེ་ཐང་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོ་ཚོས་བཤད་རྒྱུར། འདས་པའི་ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་ཐད་ནས་ཤུགས་བཏོན་ལ། དོན་ཆེན་དང་དོན་གནད་ལ་སྐུལ་འདེད་ལ་བཏང་བ་དང་། དོན་དངོས་དང་དོན་བཟང་བསྒྲུབས་ལ། དཀའ་གནད་ཐག་བཅད་པས། ཕྱོགས་ཡོངས་ཀྱི་ལས་དོན་སྣ་ཚོགས་ཐད་ནས་འགྱུར་ལྡོག་གསར་བ་བྱུང་བ་དང་སྣང་བརྙན་གསར་བ་མངོན་པ་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་སུ་གཏོང་བའི་སྣང་ཚུལ་སྔར་ལས་ཇེ་བཟང་དུ་སོང་ཡོད། གྲུབ་འབྲས་དེ་དག་ལེན་ཐུབ་པའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་སྣེ་ཁྲིད་ལ་རག་ལས་པ་དང་། བློ་མཐུན་རྒན་པ་ཚོས་བཏིངས་པའི་རྨང་གཞི་བརྟན་པོ་དང་ཡུན་རིང་གི་སེམས་ཁུར་རྒྱབ་སྐྱོར་དང་འབྲལ་ཐབས་མེད། བློ་མཐུན་རྒན་པ་ཚོས་ལུས་པོར་གཅེས་སྤྲས་བྱེད་པ་དང་། ཆབ་སྲིད་ཀྱི་དགེ་མཚན་དང་ཉམས་མྱོང་གི་དགེ་མཚན། རིག་སྟོབས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཐད་གྲོས་གཞི་རྩ་ཆེན་འདོན་དགོས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་སེམས་ཤུགས་གཅིག་སྒྲིལ་གྱིས་ཞབས་ཞུ་འགན་སྲུང་བཟང་བོར་སྒྲུབ་ནས། བློ་མཐུན་རྒན་པར་བཅངས་པའི་སེམས་ཁུར་དང་བརྩེ་སེམས་དེ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

སངས་རྒྱས་སྐྱབས་དང་པདྨ་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐུགས་ཁུར་གནང་བར་བཀའ་དྲིན་ཞུས་པ་དང་།    ན་ནིང་གི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་པར་དགའ་བ་ཆེན་པོ་སྐྱེས་ལ།   སྔར་སྲོལ་བཞིན་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱས་ཏེ་ཐོག་མའི་བསམ་འདུན་དང་ལས་འགན་ལག་བསྟར་བྱེད་པ་དང་།   བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་འབྲི་བར་རིག་སྟོབས་འབུལ་རྒྱུ་ཡིན་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྱིས་མཉམ་དུ་འཚམས་འདྲི་བྱས།

བསྟུད་མར་ཉིན་འགའི་རིང་ལ།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཝེ་ཏུང་དང་ཀྲའོ་ཡུའེ་ཞ།   ཚེ་རིང་ཐར།   དབྱང་ཧྥ་སིན།    ཝང་ཏ་ནན།    ཝང་ལིན་ཧུའུ།   ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན།   པད་ཁོ།   དབྱང་ལུང་ཞི་བཅས་ཀྱིས་སོ་སོར་ལཱ་པེན་ལིས་དང་ཡའོ་ཞང་ཁྲིན།   སུན་ཀྲའོ་རན།   མུའུ་ཏུང་ཧྲིན།   ལིས་མེན་ཅིན།   ཝང་ཨིན་ཁི།   ཀྲང་ཡུས་ལིན།   ལིས་ཡུས་ལན།   ཅ་གོ་མེན།  སངས་རྒྱས།   སྟག་འབུམ་ཐར།   དབང་མོ།   ཚའོ་ཝུན་ཧུའུ།   ཝུའུ་ཧེ་ཁུན།   ཚའེ་ཅུའུ་ལི།   ཏུའུ་ཅེ།   མཱ་ཅིན་ཞའོ།   ཡུའེ་ཧྲི་ཧྲུའུ།   ཧན་ཡུས་ཀུའེ།   མཱ་ཀྲི་ཝེ།   མཱ་ཧེ་དབྱིན་སོགས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་དང་དེ་མིན་ཞིང་ཆེན་དམག་ཁུལ་གྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་སི་དབྱིན་ལའེ་དང་པའོ་ཡན་ཀྲང་།   གོ་ཀུའེ་རུན།   ཀྲང་ཞུའུ།   ཧྲི་ཡུན་ཧྲིན།  མཱ་ཝེ་ཏུང་བཅས་ལ་འཚམས་འདྲི་བྱས།