2024ལོའི་ཞིང་ཆེན་ལྟེ་གནས་ཀྱི་བོད་རབ་རྒྱན་ཤིང་ཕོ་འབྲུག་ལོའི་ལོ་སར་བསུ་བའི་ཇ་སྟོན་འཚོགས།
2024.02.08 ཁུངས། ཀློག་གྲངས། 51

ཟླ2པའི་ཚེས7ཉིན་གྱི་ཕྱི་དྲོར།   ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བསྒྲུབས་པའི2024ལོའི་ཞིང་ཆེན་ལྟེ་གནས་ཀྱི་བོད་རབ་རྒྱན་ཤིང་ཕོ་འབྲུག་ལོའི་ལོ་སར་བསུ་བའི་ཇ་སྟོན་ཟི་ལིང་གྲོང་ཁྱེར་དུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོས་ཤིས་ཚིག་ཕུལ་བ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་འགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་རྣམ་རྒྱལ་དང་། བློ་མཐུན་རྒན་པ་སངས་རྒྱས་དང་སྟག་འབུམ་ཐར་སོགས་ཇ་སྟོན་ལ་ཞུགས།

པད་ཁོས་ཐོག་མར་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལ་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་ཞུས། ཁོས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། བརྗོད་དོན་སློབ་གསོས་བསྐྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཏེ། ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པའི་ཐད་འཕེལ་རིམ་གསར་བ་དང་འགག་སྒྲོལ་གསར་བའི་གྲུབ་འབྲས་བླངས། དུས་རབས་གསར་བའི་ཏང་གི་བོད་སྐྱོང་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་ཐིག་ཏུ་བྱས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བསྐྲུན་པར་བསྟུད་མར་སྐུལ་འདེད་བཏང་བས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་བ་དང་། ཞིང་ཆེན་ཡོངས་སུ་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་འགྲིག་མཐུན། ཆོས་ལུགས་ཞི་མཐུན་གྱི་སྣང་ཚུལ་བཟང་བོ་བྱུང་ཡོད། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱེད་པའི་གནད་འགག་གི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོའང་ཡིན། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ལྟར། སེམས་བསམ་པས་བྱ་བར་འཆར་གཞི་འགོད་པ་དང་ཤུགས་ཡོད་རྒུས་བྱ་བ་སྒྲུབ་པ། འགན་ཅི་ནུས་ཀྱིས་བྱ་བ་འགྲུབ་ཏུ་བཅུག་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བའབྲི་བར་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་དགོས།

ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཟི་ལིང་དུ་ཡོད་པའི་བོད་རིགས་ཆེད་མཁས་པ་དང་རིག་གནསཔ། བཟོ་ཚོང་ལས་རིགས་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་མི་སྒེར་གྱི་འཐུས་མི་བཅས་ཇ་སྟོན་ལ་ཞུགས། རིག་རྩལ་འཁྲབ་སྟོན་པས་ངོ་མཚར་བའི་ལྟད་མོ་འཁྲབ་སྟོན་བྱས།