ཞིང་ཆེན་ཏང་ཨུའི་འགོ་ཁྲིད་རྣམས་ཀྱིས་ལོ་སར་སྐབས་སུ་འཚམས་འདྲིར་བསྐྱོད་པའི་བྱ་འགུལ་རྒྱ་ཆེར་སྤེལ།
2024.02.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཝེ་ཏུང་དང་ཀྲའོ་ཡུའེ་ཞ།   ཚེ་རིང་ཐར།   དབྱང་ཧྥ་སིན།   ཝང་ཏ་ནན།  ཝང་ལིན་ཧུའུ།  ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལི་ཧན།   པད་ཁོ།  ཀྲུའུ་ཞང་ཧྥིན།   དབྱང་ལུང་ཞི་བཅས་ཀྱིས་སོ་སོར་ཏང་ཕྱིའི་མི་སྣ་དང་ཆེད་ མཁས་པ།   ངལ་རྩོལ་དཔེ་ལེགས་ཅན་ཁ་ཤས་དང་།   འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པ།    གཞི་རིམ་གྱི་ལས་བྱེད་པ།  སྡེ་བ་དང་གཞིས་ཁུལ་གྱི་རྐང་འཛིན་པ།   མཚོ་སྔོན་བཅའ་སྡོད་དམག་དཔུང་།   འཐབ་ཕྱོགས་དང་པོའི་སྤྱི་བདེ་མི་དམངས་ཉེན་རྟོག་པ།   གཞི་རིམ་གྱི་མེ་འགོག་མེ་གསོད་བཀོད་འཐབ་པ།   ཁེ་ལས་དང་འཐབ་ཕྱོགས་དང་པོའི་ལས་བཟོ་པ་སོགས་ལ་འཚམས་འདྲི་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་བསྐྱལ།

འཚམས་འདྲིའི་སྐབས་སུ།   ཞིང་ཆེན་ཏང་ཨུའི་འགོ་ཁྲིད་རྣམས་ཀྱིས་འཚམས་འདྲི་བྱ་ཡུལ་དང་བརྩེ་བའི་བརྗེ་རེས་བྱས་ཏེ་ཁོ་ཚོའི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ཞིབ་ཏུ་དྲིས་པར་མ་ཟད།   ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས།    ཏང་ཕྱིའི་མི་སྣ་དང་ཆེད་མཁས་པར་འཚམས་འདྲི་བྱེད་སྐབས།  ཞིང་ཆེན་ཏང་ཨུའི་འགོ་ཁྲིད་རྣམས་ཀྱིས་ཁོ་ཚོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིས་ཞུས་པ་དང་།  ལོ་གསར་བའི་ནང་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་བྱས་རྗེས་མང་བོ་འཇོག་རྒྱུའི་སྐུལ་མ་བཏང་།    ཞིང་ཆེན་ཏང་ཨུའི་འགོ་ཁྲིད་རྣམས་ཀྱིས་ངལ་རྩོལ་དཔེ་ལེགས་ཅན་རྣམས་དང་བཞུགས་མོལ་བརྗེ་རེས་བྱས་པ་དང་།   ཁོ་ཚོས་མུ་མཐུད་དུ་ངལ་རྩོལ་དཔེ་ལེགས་ཀྱི་དཔེ་སྟོན་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བྱས་ཏེ་མི་མང་བོར་བྱ་བའི་ལས་གནས་སྟེང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་སྐུལ་མ་གཏོང་དགོས་པའི་རེ་བ་བཏོན།   འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པ།  གཞི་རིམ་ལས་བྱེད་པ་བཅས་ཀྱི་ཁྱིམ་དུ་འཚམས་འདྲི་བྱེད་སྐབས།   ཞིང་ཆེན་ཏང་ཨུའི་འགོ་ཁྲིད་རྣམས་ཀྱིས་ཁོ་ཚོར་ལུས་ཕུང་ལ་གཅེས་སྤྲས་བྱེད་དགོས་པའི་མངགས་བཅོལ་བྱས་པ་དང་།  འབྲེལ་ཡོད་སྡེ་ཁག་སོ་སོས་ཞབས་ཞུ་འགན་སྲུང་བྱ་བ་རྒྱུན་ཆད་མེད་པར་བཟང་བོར་སྒྲུབ་སྟེ་ཁོ་ཚོའི་གནད་དོན་དངོས་ཐག་གཅོད་དགོས་པའི་མངགས་བཅོལ་བྱས་པར་མ་ཟད།    ཏང་ཡོན་རྒན་པ་དང་སྡེ་བ་དང་གཞིས་ཁུལ་གྱི་རྐང་འཛིན་པ་རྣམས་ཀྱིས་མུ་མཐུད་དུ་བྱེད་ནུས་འདོན་སྤེལ་བྱས་ཏེ་གཞི་རིམ་གྱི་ལས་བྱེད་པ་རྣམས་ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་བཟང་བོ་བྱེད་པ་དང་།    སྤྱོད་གཙང་ཁག་ཁུར་གྱི་དུས་རབས་གསར་བའི་ལས་བྱེད་པ་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།   མཚོ་སྔོན་བཅའ་སྡོད་དམག་དཔུང་ལ་འཚམས་འདྲི་བྱེད་སྐབས།    ཞིང་ཆེན་ཏང་ཨུའི་འགོ་ཁྲིད་རྣམས་ཀྱིས་མཚོ་སྔོན་བཅའ་སྡོད་དམག་དཔུང་གི་དཔོན་དམག་གི་སྦྱོར་བརྡར་དང་སློབ་སྦྱོང་། འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་བྱས་པ་དང་།  མཚོ་སྔོན་བཅའ་སྡོད་དམག་དཔུང་གིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་ས་ཁུལ་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིས་ཞུས།     འཐབ་ཕྱོགས་དང་པོའི་སྤྱི་བདེ་ཉེན་རྟོག་པ་དང་གཞི་རིམ་གྱི་མེ་འགོག་མེ་གསོད་བཀོད་འཐབ་པར་འཚམས་འདྲི་བྱེད་སྐབས།    ཞིང་ཆེན་ཏང་ཨུའི་འགོ་ཁྲིད་རྣམས་ཀྱིས་ཁོ་ཚོས་ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་བྱས་པ་དང་འགན་འཁྲི་ཁག་ཁུར་བཟང་བོ་བྱས་ཏེ་སྤྱི་ཚོགས་ཀྱི་བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་པ་དང་།     ཚང་མས་ཡང་འབད་བསྐྱར་འབད་བྱས་ཏེ་མང་ཚོགས་རྣམས་ཀྱིས་བདེ་སྐྱིད་སྤྲོ་སྐྱིད་དང་འཆམ་མཐུན་གྱི་ལོ་སར་ཞིག་རོལ་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།   ཁེ་ལས་དང་འཐབ་ས་དང་པོའི་ལས་བཟོ་པར་འཚམས་འདྲི་བྱེད་སྐབས།   ཞིང་ཆེན་ཏང་ཨུའི་འགོ་ཁྲིད་རྣམས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ནུས་ཤུགས་བཏོན་པའི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པར་བཀའ་དྲིན་ཞུས་པ་དང་།    ཁོ་ཚོར་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ།   རྒྱུན་མཐུད་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་བ་ལེན་དགོས་པའི་སྐུལ་མ་བཏང་།

ལྷ་མོ་ཚེ་རིང་གིས་བསྒྱུར།