ལུགས་རྙིང་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཧི་ལུའུ་ཁྲུན། ཝང་ཧེ་ཧུང་བཅས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་ཞིང་སྡེ་འབྲོག་ཁུལ། མཚོ་སྔོན་བཅའ་སྡོད་དམག་དཔུང་། དེ་མིན་འབྲེལ་ཡོད་ཁེ་ལས་དང་སྡེ་ཁག་ཏུ་ཟབ་ཞུགས་བྱས་ཏེ་ཆེད་མཁས་པ་དང་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་འཐུས་ཚབ། འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན། འཚོ་བར་དཀའ་ཁག་ཡོད་པའི་ལས་བཟོ་པ། འཚོ་བར་དཀའ་ཁག་ཡོད་པའི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི། གཞི་རིམ་གྱི་ཏང་གི་ལས་དོན་སྒྲུབ་མཁན། སྡེ་བ་དང་གཞིས་ཁུལ་གྱི་རྐང་འཛིན་པ། གཞུང་དོན་དུ་ཚེ་ལས་འདས་པའི་གཞི་རིམ་ལས་བྱེད་པའི་ཁྱིམ་མི། དྲག་ཆས་ཉེན་རྟོག་དཔོན་དམག དབང་བོ་སྐྱོན་ཅན་གྱི་མི་སྣ་དང་། འཐབ་ཕྱོགས་དང་པོའི་ཐོན་སྐྱེད་ལས་གནས་བརྟན་སྲུང་བྱེད་པའི་ཏང་ཡོན་ལས་བྱེད་ལས་བཟོ་བ་བཅས་ལ་འཚམས་འདྲི་བྱས་པ་དང་། ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་བསྐྱལ།
ཆེད་མཁས་པ་དང་ཏང་ཕྱིའི་མི་སྣའི་འཐུས་ཚབ། སྤྱི་དབང་མིན་པའི་དཔལ་འབྱོར་གྱི་འཐུས་ཚབ་བཅས་ལ་འཚམས་འདྲི་བྱེད་སྐབས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པས་ཁོ་ཚོས་བློ་འདོན་ཇུས་འབུལ་བྱས་པར་བཀའ་དྲིན་ཞུས་པ་དང་། ཁོ་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་ལྟར། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་བྱ་བར་དམིགས་ཏེ་ཤེས་རིག་དང་སྟོབས་ཤུགས་ཆེན་པོ་འབུལ་རྒྱུའི་རེ་བ་བཏོན། འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་དང་དཀའ་ཁག་ཡོད་པའི་མང་ཚོགས། དཀའ་ཁག་ཡོད་པའི་ལས་བཟོ་པ། འཚོ་བར་དཀའ་ཁག་ཡོད་པའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། གཞུང་དོན་དུ་ཚེ་ལས་འདས་པའི་གཞི་རིམ་ལས་བྱེད་པའི་ཁྱིམ་མི། དབང་བོ་སྐྱོན་ཅན་བཅས་ལ་འཚམས་འདྲི་བྱེད་སྐབས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པས་ཚང་མ་དང་ཁ་བརྡ་བྱས་ཏེ་འཚོ་བའི་གནས་ཚུལ་དྲིས་ལ། ཁོ་ཚོས་འབད་འཐབ་སྤྲོ་སྐྱིད་ཀྱི་སེམས་ཁམས་སྲུང་འཛིན་དང་དཀའ་ཁག་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ་སྙིང་སྟོབས་ཆེན་པོས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་གསར་བ་གཏོད་དགོས་པའི་སྐུལ་མ་བཏང་། གཞི་རིམ་གྱི་ཏང་གི་ལས་དོན་སྒྲུབ་མཁན་དང་སྡེ་བ་དང་གཞིས་ཁུལ་གྱི་རྐང་འཛིན་པ། ལས་གནས་བརྟན་སྲུང་བྱེད་བཞིན་པའི་ཏང་ཡོན་ལས་བྱེད་པར་འཚམས་འདྲི་བྱེད་སྐབས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པས་ཁོ་ཚོ་དང་བརྩེ་བའི་ངང་བསམ་ཚུལ་བརྗེ་རེས་བྱས་པ་དང་། དུས་ནམ་ཡང་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་ཉར་ནས་སེམས་ཞིབ་མོ་དང་བརྩེ་བ་རྣལ་མ། ཤུགས་ཆེན་པོས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་ནན་གྱིས་བསྟན། འབྲེལ་ཡོད་ཁེ་ལས་དང་སྡེ་ཁག་གི་འཐབ་ཕྱོགས་དང་པོའི་ལས་བཟོ་པར་འཚམས་འདྲི་བྱེད་སྐབས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པས་ཁོ་ཚོས་དཀའ་སྤྱད་བློས་གཏོང་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཚང་མས་སྙིང་སྟོབས་སྔར་ལས་ཆེན་པོ་བཅངས་ཏེ་ལོ་གསར་བའི་བྱ་བའི་ཁྲོད་ཞུགས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པས་ད་རུང་མཚོ་སྔོན་དུ་སྡོད་པའི་དམག་མི་ཉེན་རྟོག་དམག་དཔུང་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པར་འཚམས་འདྲི་བྱས་པ་དང་། ཁོ་ཚོས་དུས་ཡུན་རིང་བོར་རང་ཞིང་གི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་དང་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ཐད་བྱས་རྗེས་འབུར་ཐོན་བཞག་པར་བཀའ་དྲིན་ཞུས་པ་དང་། ཁོ་ཚོས་ཡང་བསྐྱར་གྲུབ་འབྲས་བཟང་བོ་ལེན་པ་དང་བྱས་རྗེས་གསར་བ་འཇོག་དགོས་པའི་སྐུལ་མ་བཏང་།
འཚམས་འདྲིའི་སྐབས་སུ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་ཞིང་ཆེན་ཏང་ཨུའི་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ་ཡར་རྒྱས་བརྩོན་ལེན་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ་གྲུབ་འབྲས་བཟང་བོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་བསུ་མ་བྱེད་དགོས་པའི་བླང་བྱ་བཏོན།
ལྷ་མོ་ཚེ་རིང་གིས་བསྒྱུར།