ཉེ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་གྱི་འགོ་ཁྲིད་པ་ལིའུ་ཆི་ཧྥན་དང་། ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ཏཱ་ནན། ཝང་ལིན་ཧུའུ། ཝུའུ་ལཱ་ཙི་པེ་ཁི་རི་སུའུ་ལེ་ཧན། པད་ཁོ། ཀྲུའུ་ཞང་ཧྥུན་སོགས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་འབྲེལ་ཡོད་རྫོང་དང་ས་ཁུལ་གྱི་ལས་རིགས་ཁྱབ་ཁོངས་གཙོ་བོ་དང་། ཁེ་ལས་གཙོ་བོ་དང་འདུ་ར་གལ་ཆེན་བཅས་སུ་སོང་སྟེ། མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་སྤྱད་དེ་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་བདེ་འཇགས་བྱ་བར་ལྟ་རྟོག་ཞིབ་བཤེར་བྱས་ནས། རྙེད་པའི་གནད་དོན་བསྟན་པ་དང་བྱ་བའི་རེ་བ་བཏོན།
དེའི་སྐབས་སུ་ཞིང་ཆེན་གྱི་འགོ་ཁྲིད་པ་དག་སྔ་གཞུག་ཏུ་ས་དེའི་ཚོང་ར་དང་མགྲོན་ཁང་། སྨན་ཁང་། ཁེ་ལས། གསོ་སྦྱོང་ལས་ཁུངས། ཞིང་ཞོར་ཐོན་རྫས་ཉོ་ཚོང་ཚོང་ར། སྣུམ་སྣོན་ས་ཚིགས། མི་བགྲོད་སྲང་ལམ། ཆོས་ལུགས་ཆོ་ག་སྤེལ་ས་སོགས་ཁྱབ་ཁོངས་གཙོ་བོར་སོང་སྟེ། ཡུལ་དངོས་ནས་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་དང་འཁོར་སྐྱོད། དེ་མིན་མི་མང་བོ་འདུ་སའི་མི་མངོན་པའི་རྐྱེན་ངན་གྱི་རྩད་ཞིབ་ལེགས་བཅོས་དང་མེ་གསོད་སྒྲིག་ཆས་ཀྱི་སྒྲིག་སྦྱོར་སོགས་ཀྱི་གནས་ཚུལ་ལ་ལྟ་རྟོག་ཞིབ་བཤེར་བྱས་པར་མ་ཟད། ལས་རེས་ལས་སྲུང་དང་སྒྲིག་ཆས་ཀྱི་འཁོར་སྐྱོད། འཕྲལ་བསྟུན་སྔོན་ཇུས་གཏན་འབེབས། མེ་གསོད་བདེ་འཇགས་ཤེས་བྱའི་གསོ་སྦྱོང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དངོས་འབེབས་སོགས་ཀྱི་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས།
ཞིང་ཆེན་གྱི་འགོ་ཁྲིད་པས་ལྟ་རྟོག་མཛུབ་སྟོན་དང་ཞིབ་བཤེར་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཐའ་གཅིག་ཏུ་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཏེ། ཟོལ་མེད་ཀྱིས་དུས་ངེས་མེད་དུ་སེམས་ལྷོད་ལ་མི་འབབ་པའི་འགན་འཁྲིའི་འདུ་ཤེས་དེ་དོན་དག་རེ་རེར་སེམས་སུ་གདེང་ཚོད་ཡོད་པའི་འགུལ་སྐྱོད་སྒུལ་ཤུགས་སུ་བསྒྱུར་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོར་སྲུང་ནས། རིགས་སོ་སོའི་མང་ཚོགས་ཀྱིས་སྤྲོ་སྐྱིད་དང་ཞི་མཐུན་གྱི་ལུགས་རྙིང་ལོ་སར་ཞིག་རོལ་བར་འགན་སྲུང་བྱེད་དགོས། ལས་རིགས་ཁྱབ་ཁོངས་གཙོ་བོའི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་པ་དང་། མི་སྣ་མང་བོ་འདུས་སྡོད་བྱེད་ས་སོགས་ཀྱི་ཉེན་ཁའི་རྐྱེན་ངན་ཕྱོགས་ཡོངས་ནས་རྩད་ཞིབ་དང་དག་ཐེར་བཅོས་སྐྱོང་བྱས་ཤིང་། ལྟ་རྟོག་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་གཏོང་བ། ཡོངས་ལ་ཁྱབ་པ་དང་མུ་འབྲེལ་ཅན་གྱི་དོ་དམ་ཚོད་འཛིན་ལ་འགན་སྲུང་བྱས་ནས། མཐའ་གཅིག་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་དང་ཚོད་འཛིན་བྱེད་དགོས། ཚེ་སྲོག་བླ་རུ་བཀུར་བ་དང་བདེ་འཇགས་དང་པོར་བརྩི་བའི་འདུ་ཤེས་ཆགས་པར་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ཤིང་། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། ལས་རིམ་གཙོ་བོ་འབུར་དུ་ཐོན་པར་བྱེད་པ། ཞན་ཆ་རྩད་ཞིབ་དང་ཁ་གསབ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་དང་ཤུགས་ཆེན་པོས་རིགས་སྣ་ཚོགས་ཀྱི་བདེ་འཇགས་ཉེན་ཁ་ཞི་འཇགས་སུ་གཏོང་དགོས། ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། བདེ་འཇགས་ལྟ་རྟོག་དོ་དམ་གྱི་བྱེད་ནུས་མཐོར་འདེགས་བྱེད་པ། དུས་ངེས་མེད་དུ་དོགས་ཟོན་མཐོར་འདེགས་བྱས་ཏེ། ཤུགས་ཆེན་པོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་འཇགས་བཅས་ལ་སྲུང་སྐྱོབ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་སྒྲོག་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཉིན་རྒྱུན་གྱི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་བྱེད་པ། མང་ཚོགས་ཀྱི་མེ་གསོད་བདེ་འཇགས་འདུ་ཤེས་དང་རང་སྲུང་རང་སྐྱོབ་ནུས་པ་མཐོར་འདེགས་བྱས་ནས། མི་ཚང་མས་བདེ་འཇགས་ལ་དོ་སྣང་བྱེད་པ་དང་བདེ་འཇགས་ལ་མཐོང་ཆེན་བྱེད་པ། བདེ་འཇགས་ནང་ཞུགས་པའི་སྣང་ཚུལ་བཟང་བོ་གསར་སྐྲུན་བྱེད་དགོས།
བསོད་ནམས་ཚེ་རིང་གིས་བསྒྱུར།