ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལ་བསྐུར་བའི་བོད་ལུགས་ལོ་སར་གྱི་ཤིས་འཕྲིན།
མཛའ་ཞིང་བརྩེ་བའི་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམ་པ།
བོད་ཤིང་ཕོ་འབྲུག་ལོའི་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། བོད་རིགས་སྤུན་ཟླ་ཡོངས་ལ་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན།
འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱས་ཏེ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་དམངས་ཚིས་བདེ་སྐྱིད་རྒྱུན་མཐུད་ངང་མཐོར་འདེགས་བཏང་ལ། ཐོན་ལས་ཀྱི་གནས་བཞི་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་པར་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་རྒྱལ་ཡོངས་ཀྱི་སྔོན་གྲལ་དུ་བསྐྱོད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་སུ་སྐྱེ་ཁམས་ཁོར་ཡུག་བཟང་བ་དང་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བ། སྤྱི་ཚོགས་གོ་རིམ་ལྡན་ཞིང་བརྟན་འཇགས་ཡིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་རྣམ་པ་བཟང་བོ་མངོན་ཡོད།
ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན། ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་དང་རིགས་སོ་སོ་དང་ལས་རིགས་སོ་སོའི་བློ་མཐུན་རྣམས་ཀྱིས་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་འཇགས། ཆོས་ལུགས་འཆམ་མཐུན་བཅས་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་འབྲི་རྒྱུའི་རེ་བ་བཅངས་ཡོད།
ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལ་ལོ་སར་སྤྲོ་སྐྱིད་ལྡན་ཞིང་ཁྱིམ་ཚང་བདེ་སྐྱིད་ལྡན་པའི་བཀྲ་ཤིས་སྨོན་འདུན་ཞུ།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཀང་དང་།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ནས།
2024ལོའི་ཟླ2པའི་ཚེས9ཉིན།
ལྷ་མོ་ཚེ་རིང་གིས་བསྒྱུར།