ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ས་ཆ་སོ་སོར་སོང་ནས་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།
2024.02.09 ཁུངས། ཀློག་གྲངས། 26

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཟླ་དང་པོའི་ཚེས་སོ་གཅིག་ནས་ཟླ་གཉིས་པའི་ཚེས་ལྔ་ཉིན་བར། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ལིའུ་ཐའོ་དང་དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཧི་ལུའུ་ཁྲུན། ཝང་ཧའེ་ཧུང་བཅས་སོ་སོར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་། ན་གོར་མོ་གྲོང་ཁྱེར། སྟོང་སྐོར་རྫོང་། མདའ་བཞི་རྫོང་། གཏེར་ལེན་ཁ་གྲོང་ཁྱེར་བཅས་སུ་་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་རྣམ་པ་སྤྱད་ནས་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས། 

ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་སློབ་གསོ་དང་གཏེར་རི། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། བཟོ་ཚོང་། འགྲིམ་འགྲུལ་བགྲོད་ལམ། བཟོ་སྐྲུན་འཛུགས་སྐྲུན། གྲོང་ཁྱེར་གྱི་སོལ་རླངས། དགུན་དུས་ཡུལ་སྐོར། ཤོག་སྦག དམིགས་བསལ་སྒྲིག་ཆས་སོགས་ཁྱབ་ཁོངས་དང་། ལས་ཁུངས་དང་ཁེ་ལས་གཙོ་བོ་བཅས་ལ་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་དང་། ཁོ་ཚོའི་ངོ་སྤྲོད་དང་ཡུལ་དངོས་འདྲི་ཞིབ་སོགས་ཀྱི་རྣམ་པ་ལ་བརྟེན་ནས་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་ཐོན་སྐྱེད་བདེ་འཇགས་གནས་ཚུལ་ལ་རྒྱུན་ལོན་ཞིབ་མོ་བྱས། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ད་ལྟ་ནི་ལོ་མཇུག་གི་བདེ་འཇགས་ཉེན་ཁ་འགོག་པའི་གནད་འགག་གི་དུས་སྐབས་རེད། མིག་སྔའི་ཐོན་སྐྱེད་བདེ་འཇགས་བྱ་བའི་རྙོག་འཛིང་གི་གནས་བབ་ལ་ཁ་གཏད་ནས། ནམ་ཡང་ལྷོ་གཡེང་དུ་མི་གཏོང་བའི་འགན་ཁུར་གྱི་འདུ་ཤེས་ལ་བརྟེན་ནས། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སྣ་ཚོགས་དམ་གཉེར་དམ་འཛིན་དང་དངོས་གཉེར་ཞིབ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་དང་འཆམ་མཐུན། སྤྲོ་སྐྱིད་བཅས་ཀྱི་གནམ་ལོ་གསར་བ་ཞིག་རོལ་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།