ལིའུ་ཅན་ཁྲའོ་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་མཉམ་དུ་མི་སེར་སྤེལ་བའི་རིང་ལུགས་གསར་བར་བཀག་འགོག་བྱེད་དགོས་ཞེས་པའི་རྒྱལ་སྤྱིའི་སྲིད་ཏང་གི་གླེང་སྟེགས་གསར་འཛུགས་ཀྱི་ཚོགས་ཆེན་ལ་ཞུགས།
2024.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨུ་རུ་སི་རུ་སོང་ནས། མཉམ་དུ་མི་སེར་སྤེལ་བའི་རིང་ལུགས་གསར་བར་བཀག་འགོག་བྱེད་དགོས་ཞེས་པའི་རྒྱལ་སྤྱིའི་སྲིད་ཏང་གི་གླེང་སྟེགས་གསར་འཛུགས་ཀྱི་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཏམ་བཤད་སྤེལ་ཏེ། དེང་སྐབས་འཛམ་གླིང་དུ་མི་སེར་སྤེལ་བའི་རིང་ལུགས་དེ་སྔར་བཞིན་རྣམ་པ་མི་འདྲ་བའི་སྒོ་ནས་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད་ཅིང་། འཛམ་གླིང་ཡོངས་ལ་དཀའ་སྡུག་དང་གནོད་འཚེ་བསྐྲུན་བཞིན་ཡོད་པས། ཕྱོགས་སོ་སོས་མཉམ་དུ་རྒྱལ་ཁབ་རང་གི་འཕེལ་རྒྱས་དར་རྒྱས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ། དཔལ་ཡོན་བརྗེ་རེས་དཔེར་ལེན་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་གི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན། ཚོགས་འདུར་ཞུགས་སྐབས། ལིའུ་ཅན་ཁྲའོ་ཡིས་ད་རུང་གཅིག་གྱུར་ཨུ་རུ་སིའི་ཏང་གི་ཀྲུའུ་ཞི་མེ་ཏི་བེ་ཝེ་ཅེ་ཧྥུའུ་དང་གྲོས་མོལ་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།