ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་འགོ་འཛིན་མཛད་ནས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་སྡུར་བྱས།
2024.02.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ2པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་འགོ་འཛིན་མཛད་ནས་ནས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་སྡུར་བྱས་པར་མ་ཟད། ད་ལོའི་བྱ་བ་ལེགས་པོར་སྒྲུབ་པའི་ཐད་ལ་སྐུལ་སློང་གནང་།

ལིས་ཆང་གིས་བསྟན་དོན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་བཀོད་འགན་འཁྲི་ཡིན་པ་དང་། སྤུས་ཚད་མཐོ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ཞིག་གྲུབ་པར་བྱ་རྒྱུ་ནི་ཕྱོགས་སོ་སོའི་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུར་ནུས་པ་གལ་ཆེན་ལྡན་པས། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ཧུར་ཐག་གིས་ལན་འདེབས་པ་དང་ཕྱོགས་སོ་སོའི་བསམ་འཆར་ལ་གང་ལེགས་ཀྱིས་ཉན་ནས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་སྔར་ལས་བཟོ་བཅོས་ཡག་པོ་རྒྱག་དགོས།

ལིས་ཆང་གིས་བསྟན་དོན། ཐེངས་འདིའི་སྲིད་གཞུང་གིས་འགན་འཁྲི་སྒྲུབ་མ་ཐག་པའི་དུས་སུ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་འགུལ་སྐྱོད་ཤོག་ཁག དངོས་སྒྲུབ་བྱེད་མཁན་ཡག་པོ་བྱེད་དགོས། འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ངེས་གནས་ལ་སྟངས་འཛིན་ནན་མོ་བྱས་ནས་བྱ་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། ད་ལོའི་བྱ་བའི་ཁྲོད་དང་ཡང་ན་ཐེངས་འདིའི་སྲིད་གཞུང་གི་འགན་ཡུན་ཧྲིལ་པོའི་ནང་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ངེས་གནས་འདི་ལག་ལེན་དུ་བསྟར་དགོས་པར་མ་ཟད། འགན་འཁྲི་སྒྲུབ་པའི་རིང་ལ་ལག་ལེན་གྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་འཕེལ་རྒྱས་གསར་བ་ཡོང་བར་བྱེད་དགོས།

ལིས་ཆང་གིས་བསྟན་དོན། ལོ་གཅིག་གི་འཆར་གཞི་ནི་དཔྱིད་དུས་ལ་རག་ལས་ཡོད་ལ། ལུགས་རྙིང་ལོ་སར་གྱི་གུང་གསེང་བཏང་ཟིན་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོ་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་མགྱོགས་མྱུར་ངང་བྱ་བའི་ཁྲོད་ཞུགས་ཏེ། བྱ་བ་སྣ་ཚོགས་དམ་འཛིན་ཡག་པོ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཕན་འབྲས་གསར་བ་ཐོབ་པར་བྱེད་དགོས། གཅིག་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་དང་ངར་ཤུགས་གཅིག་སྒྲིལ་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་ལས་ཇེ་ཆེར་བཏང་སྟེ། སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་བྱ་བའི་ཁྲོད་ཞུགས་ནས་མང་ཚོགས་དང་ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུ་དེ་བྱ་བའི་རྣམ་པ་གསར་བ་བཏོད་པའི་འགོ་རྩོམ་སར་བརྩིས་ནས་ཡིད་ཆེས་འཕེལ་བ་དང་སྔོན་དཔག་ལ་ཕན་པའི་བྱ་བ་མང་བོ་སྒྲུབ་པ་དང་། སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པའི་གཅིག་མཐུན་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། དངོས་སྒྲུབ་ནུས་ལྡན་གྱི་བྱ་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་ཡིད་ཆེས་འཕེལ་བར་བྱེད་དགོས།  གཉིས་ནས་དངོས་སྒྲུབ་སྔོན་ལ་བྱེད་པ་དང་དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱས་ནས་དངོས་འཛིན་དངོས་སྒྲུབ་ཀྱི་ཁྲིད་སྟོན་སྲ་བརྟན་དུ་བཏང་ནས“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་དེ“བྱ་བ་ཐམས་ཅད་རང་སེམས་སུ་གདེང་ཚོད་ཡོད་པའི”བྱ་སྤྱོད་ཀྱི་ནུས་པར་བསྒྱུར་ནས་ནུས་ཤུགས་ཡོད་རྒུས་བྱ་བ་སྔོན་ལ་སྒྲུབ་རྒྱུར་དམ་འཛིན་བྱས་ཏེ། བྱ་བ་སྣ་ཚོགས་ལ་ཕན་འབྲས་གང་མགྱོགས་ཐོབ་པར་བྱེད་པ་དང་དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱས་ཏེ་མཐའ་མའི་ཕན་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་རེ་འདུན་དང་མཐུན་པར་འགན་ལེན་བྱེད་དགོས། གསུམ་ནས་བྱ་བ་སྒྲུབ་སྐབས་ཉེན་གཡོལ་མི་བྱེད་པ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་བརྒྱུད་རིམ་ལྡན་པའི་འདུ་ཤེས་གཞིར་བཟུང་ནས་བྱ་བར་ཇུས་འགོད་དང་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྒྱུར་བཅོས་ཀྱི་བྱེད་ཐབས་ལ་བརྟེན་ནས་མདུན་སྐྱོད་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བསམ་ཕྱོགས་དང་ཐབས་ལམ་གསར་གཏོད་ཀྱིས་བྱ་བའི་གསར་གཏོད་རང་བཞིན་གྱི་སྣེ་ཁྲིད་རང་བཞིན་ཟམ་མི་ཆད་པར་ཇེ་ཆེར་བཏང་སྟེ། འགལ་བ་དང་གནད་དོན་ཐག་གཅོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། བཞི་ནས་ལས་ཕྱོད་ཇེ་ཆེར་གཏོང་བ་དང་མཉམ་ཤུགས་ཇེ་དྲག་ཏུ་བཏང་ནས་ཁྱོན་ཡོངས་ཀྱི་འདུ་ཤེས་དང་ཆེ་ཕྱོགས་ཀྱི་ལྟ་བ་སྔར་ལས་ཇེ་ཆེར་བཏང་ནས་རང་འགུལ་ངང་གོམ་སྟབས་དང་པོ་སྤོས་ནས་བྱ་བ་དམ་འཛིན་བྱེད་པ་དང་། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་ལམ་སྲོལ་བེད་སྤྱོད་ཡག་པོ་བྱེད་པ། སྲིད་དོན་ཞབས་ཞུའི“ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པའི”རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གདུབ་ཟུམ་དོ་དམ་རྐྱེན་སྲོལ་འཛུགས་པ་དང་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས་སྤྱི་ཡོངས་ཀྱི་སྲིད་འཛིན་ཕན་ནུས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཁོངས་མི་ཚོགས་འདུར་ཞུགས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་པ་ཚོགས་འདུར་ཟུར་ཞུགས་བྱས།