ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་ཡི་རྒྱས་འཛོམས་གྲོས་ཚོགས་བསྡུས།
2024.02.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

ཟླ2པའི་ཚེས19ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། ཀྲུང་གུང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ལག་བསྟར་དངོས་འབེབས་བྱེད་པའི་བསམ་ཚུལ་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ཏུ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས། ཞིང་བཟོ་ཏང་། དགུ་གསུམ་སློབ་ཚོགས་བཅས་ཀྱི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་རང་རང་གི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བརྗེ་རེས་གཏམ་བཤད་སྤེལ། ཚང་མས་གཅིག་གྱུར་གྱིས་བལྟས་ན། ཀྲུང་གུང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་ཡིག་ཆ་གལ་ཆེན་དེས། དུས་རབས་གསར་བའི་ཏང་མང་མཉམ་ལས་ཀྱི་ལས་དོན་འཕེལ་རྒྱས་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པར་མ་ཟད། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་པར་འདོད།  ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། འབད་པ་ཆེན་པོས་རང་ངོས་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཏང་ཁག་གི་འཇོན་ནུས་དང་སྤྱི་ཡོངས་ཞབས་ཞུའི་དགོས་མཁོ་ཟུང་འབྲེལ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་རོགས་འདེགས་བྱེད་རྒྱུ་ཡིན་ཞེས་བསྟན།

ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། མི་དམངས་སྲིད་གྲོས་དེ་སྲིད་ཏང་ལམ་ལུགས་གསར་བ་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རྣམ་པ་དང་རྩ་འཛུགས་ཀྱི་རྣམ་པ་གལ་ཆེན་ཞིག་ཡིན་པའི་ཆ་ནས། དུས་རབས་གསར་བའི་ཏང་མང་མཉམ་ལས་ཀྱི་ལས་དོན་འཕེལ་རྒྱས་ཁྲོད་དུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད། འགན་སྒྲུབ་ཀྱི་སྲོག་ཤིང་གོ་རིམ་ལ་ངོས་འཛིན་ཡང་དག་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། རྒྱུན་ཆད་མེད་པར་ཏང་མང་མཉམ་ལས་ཀྱི་བསམ་བློ་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། བྱ་བའི་རྐྱེན་སྲོལ་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་སྟེ། དམངས་གཙོ་ཏང་ཁག་སོ་སོས་མི་དམངས་སྲིད་གྲོས་ལ་འགན་ནུས་སྔར་ལས་ལྷག་པར་སྒྲུབ་པ་དང་ནུས་པ་སྔར་ལས་ལྷག་པར་འདོན་རྒྱུར་རྒྱབ་སྐྱོར་བྱས་ནས། ཏང་མང་མཉམ་ལས་ལས་དོན་ཆུ་ཚད་སྔར་ལས་མཐོན་པོ་དང་སྐས་རིམ་སྔར་ལས་གསར་བར་སླེབས་པར་སྐུལ་འདེད་གཏོང་དགོས། རྒྱུན་རྣམ་རང་བཞིན་གྱི་འབྲེལ་གཏུག་མཛུབ་སྟོན་བྱ་བར་ཤུགས་བསྣན་ཏེ། དམངས་གཙོ་ཏང་ཁག་སོ་སོའི་སྲིད་ཞུགས་སྲིད་གླེང་གི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། སྲིད་ཞུགས་སྲིད་གླེང་གི་འགན་སྒྲུབ་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པར་རོགས་རམ་བྱེད་དགོས།

ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རིན་ཆེན་རྣམ་རྒྱལ་དང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། མཱ་ཡུའེ་ཞང་། ཞེ་པའོ་ཨིན་བཅས་ཚོགས་འདུར་ཞུགས།

                                                                                                        རིག་འཛིན་སྒྲོལ་མས་བསྒྱུར།