《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བྱ་བའི་སྲོལ་ཡིག》ཅེས་པའི་དེབ་རྐྱང་མ་པར་སྐྲུན་བྱས།
2024.02.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

ཀྲུང་གུང་ཀྲུང་དབྱང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པའི《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བྱ་བའི་སྲོལ་ཡིག》ཅེས་པའི་དེབ་རྐྱང་མ་དེ། མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་། ཉིན་དེ་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཁང་དུ་འགྲེམ་སྤེལ་བྱས།

དེབ་རྐྱང་མ་དེའི་ནང《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བྱ་བའི་སྲོལ་ཡིག》གི་ནང་དོན་ཆ་ཚང་དང་། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གི་འགན་ཁུར་པས《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བྱ་བའི་སྲོལ་ཡིག》ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ་དང《མི་དམངས་ཉིན་རེའི་ཚགས་པར》གྱི་དཔྱད་བརྗོད་པའི་རྩོམ་ཡིག་བཅས་འཁོད་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།