ཟླ2པའི་ཚེས20ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ2པའི་དངུལ་བུན་ཁྲོམ་རའི་རིན་ཕབ་སྐྱེད་ཀ་ཁྱབ་བསྒྲགས་བྱས་པ་ལྟར་ན། བསྐྱི་ཡུན་ལོ་ལྔའི་ཡན་གྱི་དངུལ་བུན་ཁྲོམ་རའི་རིན་ཕབ་སྐྱེད་ཀ་ནི་བརྒྱ་ཆའི་གསུམ་དང་གྲངས་ཆུང་དགུ་ལྔ་ཡིན་ལ། དེ་ཟླ་སྔོན་མ་ལས་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཉིས་ལྔ་མར་འགྲིབ་ནས་ལོ་རྒྱུས་ཀྱི་དུས་མཉམ་འགྲིབ་ཚད་ཆེས་དམའ་ཤོས་སུ་སླེབས། དེ་དངུལ་བུན་དངོས་ཀྱི་སྐྱེད་ཀ་ཇེ་དམའ་རུ་འགྲོ་རྒྱུར་སྔར་ལས་སྐུལ་ཁྲིད་བྱེད་པ་དང་། དངོས་ཕུང་དཔལ་འབྱོར་གྱི་ནུས་ལྡན་དགོས་མཁོ་ཆེ་རུ་བསྐྱེད་པ། དཔལ་འབྱོར་འཕར་སྣོན་ལེགས་ཕྱོགས་སུ་འཕེལ་སྟངས་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་ཐད་ཕན་པ་ངེས་ཅན་ཡོད།
རང་རྒྱལ་གྱི་སྤྱི་ཚོགས་ཕྱོགས་བསྡུས་དངུལ་བསྡུའི་མ་རྩ་ནུས་ལྡན་ངང་མར་འགྲིབ་པ་དང་མཉམ་དུ། དངུལ་རྩའི་མ་ལག་གིས་དངོས་ཕུང་དཔལ་འབྱོར་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། ད་ལོའི་ཟླ་དང་པོའི་ནང་དུ། རང་རྒྱལ་གྱི་སྤྱི་ཚོགས་དངུལ་བསྡུའི་གཞི་ཁྱོན་འཕར་གྲངས་སྒོར་ཁྲག་ཁྲིག་ཆེན་མོ་ལྔ་དང་ཁྲག་ཁྲིག་དྲུག་ལ་སླེབས་ཏེ། ལོ་རྒྱུས་ཀྱི་དུས་མཉམ་ལས་ཆུ་ཚད་མཐོ་ཤོས་བསྐྲུན་པ་དང་། ལོ་སྔོན་མའི་དུས་མཉམ་ལས་སྒོར་ཁྲག་ཁྲིག་ལྔ་དང་ཐེར་འབུམ་དྲུག་དུང་ཕྱུར་གཅིག་གིས་ཇེ་མང་དུ་ཕྱིན། ད་ལོའི་ཟླ་དང་པོའི་ཟླ་མཇུག་བར་དུ། རང་རྒྱལ་གྱིས་དངོས་ཕུང་དཔལ་འབྱོར་ལ་བཏང་བའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་ཁྲག་ཁྲིག་ཆེན་མོ་ཉིས་བརྒྱ་བཞི་བཅུ་ལྷག་ལ་སླེབས་ཡོད་ཅིང་། དེ་དུས་མཉམ་ལས་ལས་བརྒྱ་ཆའི་བཅུ་ལྷག་འཕར་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།