ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག》པར་འགྲེམས་བྱས།
2024.02.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག》པར་འགྲེམས་བྱས་པ་དང་། བརྡ་ཐོ་བཏང་ནས་ས་གནས་དང་སྡེ་ཁག་སོ་སོས་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོ་ལས་བསྟན་དོན། 《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ཟབ་མོ་བྱས་ནས། ཏང་གི་སྒྲིག་ཡིག་དེ་རྩ་བའི་གཞི་འཛིན་ས་བྱས་ཏེ། དུས་རབས་གསར་བའི་སྐོར་ཞིབ་བྱ་བའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་སྤྱི་སྡོམ་བྱས་ཡོད་ལ། སྐོར་ཞིབ་བྱ་བའི་སྒྲིག་སྲོལ་ལམ་སྲོལ་དང་འགན་འཁྲིའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་བ་དེ་ནི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་བྱ་བར་འགོ་ཁྲིད་བྱེད་རྒྱུ་མཐའ་གཅིག་ཏུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱུ་དང་། སྐོར་ཞིབ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་ཆེན་པོ་ལྡན།

བརྡ་ཐོ་ལས་བླང་བྱ་བཏོན་དོན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས《སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། དྲིལ་སྒྲོག་འགྲེལ་བཤད་དང་ལྟ་སྐུལ་ཞིབ་བཤེར་དམ་འཛིན་ཡག་པོ་བྱས་ཏེ། 《སྲོལ་ཡིག》གི་གཏན་འབེབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། “སྲུང་སྐྱོང་གཉིས”རྩ་བའི་ལས་འགན་དུ་བརྩིས་ནས། ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་གནད་ཁེལ་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྐོར་ཞིབ་དག་ཐེར་ལ་ཤུགས་སྣོན་པའི་ཐད་སྒྲིག་སྲོལ་ངོ་མ་འདོན་པ་དང་ཕན་འབྲས་དངོས་གཉེར་ནས། དག་ཐེར་གྱི་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ་དང་དག་ཐེར་གྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། སྐོར་ཞིབ་གྲུབ་འབྲས་ཕྱོགས་བསྡུས་ངང་བེད་སྤྱོད་ཡག་པོ་བྱེད་པ། རྩ་ལག་མཉམ་བཅོས་ཟབ་སྤེལ་བཅས་བྱེད་དགོས། སྐོར་ཞིབ་ཕྱོགས་བསྡུས་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྐོར་ཞིབ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་དང་མཐུན་སྦྱོར་ཡོང་བར་ཤུགས་བསྣན་ཏེ། ལྟ་སྐུལ་གྱི་མཉམ་ཤུགས་ཤིག་གྲུབ་པར་བྱེད་དགོས། སྐོར་ཞིབ་ཀྱིས་སྐོར་གཟིགས་ལ་སྐུལ་ཁྲིད་བྱས་ནས། གོང་འོག་མཉམ་འགུལ་གྱི་མ་ལག་དགེ་མཚན་འདོན་སྤེལ་བྱས་ཏེ། ལྟ་སྐུལ་གྱི་དྲ་རྒྱ་བརྟན་པོ་ཞིག་འཛུགས་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།