ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2024.02.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 95

ཟླ2པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་འགོ་འཛིན་བྱས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ཤིང་། རང་ཞིང་གི་རྩིས་བཤེར་བྱ་བ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་དཔྱད་ཞིབ་གནས་ཚུལ་སོགས་ཀྱི་སྙན་ཞུ་ལ་ཉན་པར་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉིས་སྟོང་ཉེར་བཞི་ལོའི་ལུགས་རྙིང་ལོ་སར་གྱི་ལྷན་འཛོམས་སྤྲོ་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཏང་ཕྱིའི་མི་སྣ་དང་ལྷན་དུ་ལུགས་རྙིང་ལོ་སར་བསུ་སྐབས་ཀྱི་གསུང་བཤད་གལ་ཆེན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་སྟེང་གི་གསུང་བཤད་གལ་ཆེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཐད་ཀྱི་རྣམ་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། གྲོས་ཚོགས་སྟེང་བསྟན་དོན། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་མཐུན་སྒྲིལ་འབད་འཐབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་སྡུད་རྒྱ་ཆེར་བྱས་ཏེ། ཞིང་ཆེན་གོང་འོག་ཚང་མ་སྔར་ལས་བཟང་བའི་རྣམ་པས་བྱ་བའི་ཁྲོད་ཞུགས་དགོས། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་གྱི་ཁ་ཕྱོགས་ཡང་དག་དང་དམིགས་འབེན་ལས་འགན།  བྱེད་ཐབས་གཙོ་བོ་བཅས་ལ་གོ་བ་ཡང་དག་ལེན་པ་དང་། ཕྱོགས་སོ་སོའི་བཅོས་སྒྱུར་གྱི་བརྩོན་སེམས་ལེགས་པར་བསྐྱེད་ནས་གཅིག་བསྡུས་སྒོས་ཆེས་གནད་འགག་ཡིན་པ་དང་ཆེས་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་པ་དང་། སྤུས་ཚད་མཐོན་པོས་ད་ལོའི་བཅོས་སྒྱུར་གྱི་ལས་འགན་སྣ་ཚོགས་ལེགས་འགྲུབ་བྱེད་དགོས། མཚོ་སྔོན་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འཇོག་པ་དང་ཁུལ་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་འཆར་འགོད་བྱས་ནས་མྱུར་མོར་འཕེལ་རྒྱས་གོ་སྐབས་ཀྱི་གནད་འགག་དུས་སྐབས་དམ་འཛིན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་འོག་མཚོ་སྔོན་གྱི་ལེགས་ཆ་སྔར་ལས་འདོན་སྤེལ་བྱེད་པའི་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཛུགས་སྐྱོང་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གྲུབ་པར་བྱེད་པ་དང་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ལྡན་དུ་གཏོང་དགོས།

གྲོས་ཚོགས་སྟེང་རྒྱལ་ཡོངས་རྩིས་བཤེར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ཉིས་སྟོང་ཉེར་གསུམ་ལོའི་ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་བྱ་བའི་གནས་ཚུལ་དང་ཉིས་སྟོང་ཉེར་བཞི་ལོའི་བྱ་བའི་བསམ་ཕྱོགས་ཐད་ཀྱི་སྙན་ཞུ་ལ་ཉན་ཞིང་། ཞིང་ཆེན་རིམ་པའི་ཉིས་སྟོང་ཉེར་བཞི་ལོའི་རྩིས་བཤེར་ལས་གཞིའི་འཆར་གཞིའི་འཆར་ཟིན་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩིས་བཤེར་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་གི་འགོ་ཁྲིད་རྩིས་བཤེར་བྱ་བའི་གོ་རིམ་ཧྲིལ་བོ་དང་བརྒྱུད་རིམ་སོ་སོར་ཁྱབ་པར་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེ་ལག་བསྟར་བྱེད་པའི་ཞིབ་ཕྲའི་དོན་ཚན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། འཚོ་བ་སྟབས་བདེའི་ངང་རོལ་བའི་བླང་བྱ་དེ་ལྟ་སྐུལ་གྱི་གཙོ་གནད་དུ་བཞག་སྟེ། སྐྱེ་ཁམས་བདེ་འཇགས་དང་དམངས་ཚིས་ལེགས་བཅོས། ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་རིགས་བཅོས་སྐྱོང་ནན་མོ་བྱེད་པ། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་དཔལ་འབྱོར་ཞིབ་བཤེར་ཏན་ཏིག་གིས་སྤེལ་ནས། གནད་དོན་ཤེས་རྟོགས་འབྱུང་བ་དང་བཅོས་སྒྱུར་བྱེད་པའི་ཁྲོད་འགན་འཁྲི་ལག་བསྟར་བྱེད་པ་དང་བྱ་བ་སྒྲུབ་པ། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་ལ་རྗེས་འདེད་བྱས་ཏེ། སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་རུ་དཔུང་འཛུགས་སྐྱོང་བྱས་ནས་ཤུགས་ཡོད་ནུས་ལྡན་གྱི་རྩིས་བཤེར་ལྟ་སྐུལ་གྱིས་ཏང་ཀྲུང་དབྱང་གི་དཔལ་འབྱོར་གྱི་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཚོ་སྔོན་ནས་དངོས་འབེབས་བྱེད་པར་འགན་སྲུང་བྱེད་དགོས།

གྲོས་ཚོགས་སྟེང་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། གྲོས་ཚོགས་སྟེང་བསྟན་དོན། རྒྱུན་མཐུད་ངང་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། ལས་བྱེད་པ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། གཞུང་ལུགས་སློབ་གསོའི་གསོ་སྦྱོང་གི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་དམ་འཛིན་དང་ཆབ་སྲིད་ཚད་གཞི་འབུར་ཐོན་ཡོང་བར་བྱེད་པ། ལས་བྱེད་པས་གོང་འོག་མཉམ་འཛིན་བྱེད་པར་སྐུལ་འདེད་གཏོང་བ་རྒྱུན་རྣམ་ཅན་དུ་གཏོང་བ། བློ་དཀར་གཞུང་དྲང་དང་ཁག་ཁུར་ཡོད་པ། མང་ཚོགས་ཀྱི་ཁས་ལེན་པ། ཕྱོགས་སོ་སོ་ནས་འབུར་དུ་ཐོན་པའི་ལས་བྱེད་པ་གནད་འགག་གི་ལས་གནས་སུ་བཀོད་སྒྲིག་བྱེད་དགོས། དོ་དམ་ནན་མོ་དང་གཅེས་སྐྱོང་བྱེད་པའི་རྒྱུན་བསྐྱངས་ནས་ཆ་རྐྱེན་ཞན་ལ་ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་པར་སེམས་ཁུར་དང་བརྩེ་སེམས་འབུལ་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སྣེ་ཁྲིད་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོ་ནས་དངོས་སྒྲུབ་ཁག་ཁུར་བྱེད་པ་དང་ཡང་བསྐྱར་བྱས་རྗེས་འཇོག་དགོས། གཞི་རིམ་ཏང་འཛུགས་ཀྱི་མི་འདང་ས་དང་ཉམས་ཞན་སར་ཤུགས་བསྣན་ནས་གཞི་རིམ་ཏང་འཛུགས་ཀྱི་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱེད་པ་དང་ཁྱབ་ཁོངས་སོ་སོའི་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སྔར་ལས་སྟོབས་དང་ལྡན་པར་བྱ་དགོས། མུ་མཐུད་དུ་རྩ་འཛུགས་སྡེ་ཁག་གི་རང་ངོས་འཛུགས་སྐྱོང་ཤུགས་དྲག་ཏུ་བཏང་ནས་དཔེ་སྟོན་སྡེ་ཁག་དང་ནུས་པ་ཅན་གྱི་དཔུང་སྡེ་རྒྱུན་མཐུད་ངང་འཛུགས་སྐྱོང་བྱེད་དགོས།

གྲོས་ཚོགས་སྟེང2023ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གནས་ཚུལ་སྙན་ཞུ་བྱས་པར་ཉན། གྲོས་ཚོགས་སྟེང་དབང་ཆ་ཡོད་ན་ངེས་པར་དུ་འགན་ཁུར་ཡོད་པ་དང་། དབང་ཆ་བཀོལ་ན་ལྟ་སྐུལ་བྱེད་དགོས་པ་ཡིད་ལ་དམ་པོར་བཟུང་སྟེ། ཁྲིམས་སྐྱོང་བསམ་གཞིགས་བཀོལ་བ་དང་། ཁྲིམས་སྐྱོང་རྣམ་པས་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་ལ། སྲིད་གཞུང་དང་སྤྱི་ཚོགས། ཁྲོམ་ར་བཅས་ཀྱི་འབྲེལ་བར་སྟངས་འཛིན་ནན་མོ་བྱས་ཏེ། རང་འགུལ་གྱིས་དམངས་ཆེན་དང་། སྲིད་གྲོས། དམངས་གཙོ་ཏང་ཁག མི་དམངས་མང་ཚོགས་བཅས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས། གཞི་རིམ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་པའི་ནུས་པ་དང་ཆུ་ཚད་དངོས་སུ་ཇེ་མཐོར་གཏོང་དགོས་པར་མ་ཟད། སྔར་ལས་ནུས་ཡོད་ཀྱི་ཁྲིམས་སྐྱོང་འགན་སྲུང་གིས་གཞི་རྩ་སྲ་བརྟན་དང་། སྔོན་དཔག་བརྟན་པོ། མིག་རྒྱང་རིང་བོ་བཅས་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞིར་གྲོས་ཞིབ་བྱས། གྲོས་ཚོགས་སྟེང་དུས་དང་རྣམ་པ་ཀུན་ཏུ་ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་པའི་ཆབ་སྲིད་ཀྱི་རྩ་དོན་བརྟན་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་དཔེ་བལྟས་ཏེ། མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་འབུར་ཐོན་གནད་དོན་དང་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་དམིགས་སུ་བཟུང་སྟེ། འགག་རྩ་ཡང་དག་རྙེད་པར་བྱེད་པ་དང་བྱེད་ཐབས་ངོ་མ་བཏོན་ནས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་རྐང་ཚུགས་ཐུབ་པ་དང་། ལག་བསྟར་བྱེད་ཐུབ་པ། ཕན་ཐོགས་ཡོད་པ་བཅས་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་སྟེང2023ལོའི་ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་ལ་དཔྱད་ཞིབ་བྱས་པའི་གནས་ཚུལ་སྙན་ཞུ་བྱས་པར་ཉན། གྲོས་ཚོགས་སྟེང་དངོས་སུ་དོ་དམ་ནན་མོ་བྱས་ཏེ། གཞི་གདངས་ནན་མོར་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། འགོ་ཁྲིད་ལས་བྱེད་དྲུག་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེར་འགལ་བའི་གནད་དོན་གྱི་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་དགོས། གནད་དོན་ཐག་གཅོད་དགོས་ན། ཞིང་ཆེན་ཡོངས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་འཕྲད་པའི་དཀའ་གནད་ལ་དམ་དུ་དམིགས་པ་དང་། ཁ་གཏད་རང་བཞིན་གྱིས་དཔྱད་ཞིབ་ཚད་གཞི་བཀོད་སྒྲིག་བྱེད་པ། ལྷག་པར་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཚོང་འགུལ་དངུལ་གཏོང་དང་། ནོར་སྲིད་དཔལ་འབྱོར་སྒྲིག་ཁྲིམས་སོགས་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། མི་འདང་ས་འཚོལ་བ་དང་ཞན་ས་གསབ་པའི་བྱ་བར་སྐུལ་འདེད་གཏོང་དགོས། དཔྱད་ཞིབ་མཇུག་འབྲས་བཀོལ་སྤྱོད་གང་ལེགས་བྱས་ཏེ། གནད་འགག་གྲངས་ཉུང་དམ་འཛིན་དང་། དཔྱད་ཞིབ་རྣམ་པས་འཛུགས་སྐྲུན་ལ་སྐུལ་བ་དང་། དཔྱད་ཞིབ་རྣམ་པས་ལས་སྒྲུབ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང《མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་ཅན་གསར་བར་མྱུར་དུ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》ཞེས་པར་གྲོས་ཞིབ་བྱས། གྲོས་ཚོགས་སྟེང་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། རང་བྱུང་ཐོན་ཁུངས་དང་ལྗང་ནུས་དགེ་མཚན། ཐོན་ལས་རྨང་གཞི་བཅས་ལ་རྐང་འཛུགས་པ་དང་།  འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། ངེས་གནས། གཙོ་གནད་བཅས་ཡང་དག་པར་བཙལ་ནས། མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་བཟོ་ལས་ཅན་གསར་བ་འཕེལ་རྒྱས་ཀྱི་ལམ་ཞིག་བཏོད་དགོས། མཐོ་ས་དང་གནས་བཞི་བསྐྲུན་པར་དམིགས་ཏེ། ཚན་རྩལ་གསར་གཏོད་ཐོན་ཁུངས་སྡེབ་སྒྲིག་བྱེད་པ་དང་། ཚན་རིག་ཞིབ་འཇུག་སློབ་གླིང་གི་རྨང་གཞིའི་ཞིབ་འཇུག་ཆུ་ཚད་བརྟན་པོར་ཇེ་མཐོར་གཏོང་དགོས་ཤིང་། ཁེ་ལས་གཙོ་གཞི་ཡིན་པའི་གསར་གཏོད་ནུས་པའི་འཛུགས་སྐྲུན་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པ་དང་། སྲོལ་རྒྱུན་ཐོན་ལས་ཀྱི་བཅོས་སྒྱུར་མཐོར་འདེགས་གཏོང་བ། གཞི་གྲངས་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ། ནུས་ཁུངས་གསར་བ་དང་། རྒྱུ་ཆ་གསར་བ་སོགས་ཁྱད་འཕགས་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་ཐོན་ལས་གསར་བ་དང་མ་འོངས་པའི་ཐོན་ལས་གསོ་སྐྱོང་དང་རྒྱ་སྐྱེད་བཏང་ནས། ཐོན་སྐྱེད་ནུས་པ་གསར་མ་ཞིག་མྱུར་དུ་གྲུབ་པར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་ཆེད་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་དགོས་ཞེས་བསྟན།

མི་ཕམ་མགོན་པ་དང་རིག་འཛིན་སྒྲོལ་མས་བསྒྱུར།

省委常委会召开会议 陈刚主持

2月22日,省委书记陈刚主持召开省委常委会会议,传达学习习近平总书记近期重要讲话精神,研究我省贯彻意见,听取我省审计工作、法治政府建设、党风廉政建设责任制考核情况等汇报,审议有关文件。

会议传达学习习近平总书记在2024年春节团拜会上的重要讲话、同党外人士共迎新春时的重要讲话、在中央全面深化改革委员会第四次会议上的重要讲话和《习近平总书记关于制造强国的重要论述学习读本》精神。指出,要以“干部要干、思路要清、律己要严”的实际行动,广泛凝聚团结奋斗的强大合力,带动全省上下以更好的精神状态投入工作。要准确把握进一步全面深化改革的正确方向、目标任务、重点举措,充分调动各方面改革积极性,集中解决最关键、最迫切的问题,高质量完成今年各项改革任务。要把青海放在全国大局、区域发展战略中来谋划,紧抓发展机遇窗口期,在保护好生态环境的前提下,建设更能发挥青海比较优势的先进制造业,形成具有本地特色的现代化经济体系,并将其转化为推动现代化新青海建设的强大动力。

会议传达学习全国审计工作会议精神,听取2023年全省审计工作情况和2024年工作思路汇报,审议《省本级2024年度审计项目计划草案》。强调,要深入贯彻习近平总书记关于审计工作的重要讲话和指示批示精神,把党的领导贯穿审计工作全过程、各环节,把贯彻中央八项规定及其实施细则精神和落实“过紧日子”要求作为监督重点,扎实做好生态安全、民生改善、从严治党治吏、灾后恢复重建等重点领域的“经济体检”,以发现并整改问题倒逼责任落实、工作推进、机制健全,加强高素质专业化审计队伍建设,确保以有力有效的审计监督推动党中央经济方针政策和重大决策部署在青海落实落地。

会议传达学习全国组织部长会议精神。指出,要持续用党的创新理论凝心铸魂,不断巩固拓展主题教育成果,加大干部培训力度,健全理论教育培训长效机制。要从严抓好领导班子和干部队伍建设,突出政治标准,常态化推动干部能上能下,把忠诚干净担当、组织群众认可、各方面表现突出的干部放在关键岗位上。要坚持严管厚爱,加强对条件艰苦高海拔地区干部的关心关爱,引导广大党员干部在现代化新青海建设的主战场上担当实干、再立新功。要着力补齐基层党建短板弱项,认真落实基层党建“六个一”工作要求,把各领域党的基层组织建设得更加坚强有力。要不断加强组织部门自身建设,持续打造模范部门和过硬队伍。

会议听取2023年全省法治政府建设情况汇报。强调,要牢记有权必有责、用权要监督,不断提高运用法治思维、法治方式解决问题的能力,把握好政府与社会、市场的关系,自觉接受人大、政协、民主党派和人民群众监督,切实提高基层政府依法行政的能力水平,以更有力的法治保障来固根本、稳预期、利长远。

会议审议省人大常委会2024年立法工作计划。指出,要始终坚定党领导立法的政治原则,精准对标对表习近平总书记对青海工作的重大要求,紧盯群众反映强烈的突出问题和“老大难”问题,找准症结、提实措施,让地方性法规立得住、行得通、真管用。

会议听取2023年度全省党风廉政建设责任制考核情况汇报。强调,要真管真严,坚持严的主基调不动摇,持续深化6名领导干部严重违反中央八项规定精神问题以案促改专项教育整治。要解决问题,紧扣全省全面从严治党面临的难点问题,有针对性地设置考核指标,特别是要把工程建设领域招投标、财经纪律等放在更加突出位置,查缺补漏、推动工作。要用足用活考核结果,抓住“关键少数”,以考促建、以考促干。

会议审议《青海省加快推进新型工业化实施方案》。指出,要紧密结合青海实际,立足资源禀赋、绿能优势和产业基础,找准发展方向、定位和重点,走出一条符合青海实际的新型工业化发展道路。围绕“高地”“四地”建设,整合科技创新资源,稳步增强科研院校基础研究水平,大力支持以企业为主体的创新能力建设,改造提升传统产业,大力发展数字经济,增强新能源、新材料等特色优势产业竞争力,培育壮大战略性新兴产业和未来产业,加快形成新质生产力,为现代化新青海建设提供重要支撑。