རང་རྒྱལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་བཏང་བར་ཕན་འབྲས་ཆེན་པོ་ཐོབ།
2024.02.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཞིང་ལས་དང་གྲོང་གསེབ་པུའུ་ཡིས་གསར་དུ་ཁྱབ་བསྒྲགས་བྱས་པ་ལྟར་ན། རང་རྒྱལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་བཏང་བར་ཕན་འབྲས་ངེས་ཅན་ཐོབ་པ་དང་། དབུས་ནུབ་རྒྱུད་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བར་ལས་འགན་ཡོད་པའི་ཞིང་ཆེན་ཉེར་གཉིས་ཚང་མས་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་བཙུགས་ཡོད། དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་རྗེས་ཀྱི་ལོ་ངོ་གསུམ་གྱི་རིང་ལ། རིམ་རྩིས་བྱས་ན་བཅུ་ཆའི་དྲུག་ལས་བརྒལ་བའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱིས་ཡང་བསྐྱར་དབུལ་པོར་འགྱུར་བའི་ཉེན་ཁ་དུས་ལྟར་སེལ་བ་དང་། དེ་ལས་གཞན་པ་ཚང་མས་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་བྱས་ནས། གཞི་ཁྱོན་ཆེ་བའི་ངང་ཡང་བསྐྱར་དབུལ་པོར་མི་འགྱུར་བའི་ཚད་མཐའ་བརྟན་སྲུང་བྱས་ཡོད།

ལོ་ངོ་གསུམ་གྱི་རིང་ལ། ལས་ཞུགས་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད། ལོ་རེར་ལས་གཉེར་ལས་ཞུགས་ཀྱི་གཞི་ཁྱོན་མི་བྱེ་བ་གསུམ་ཡན་དུ་བརྟན་པོར་གནས་པ་དང་། 2023ལོར་ལས་གཉེར་ལས་ཞུགས་བྱེད་མཁན་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་དགུ་ཁྲི་དྲུག་སྟོང་དགུ་ལ་སླེབས་པ་དང་། ལས་ཞུགས་བྱེད་མཁན་གྱི་ཡོང་འབབ་ཀྱིས་དབུལ་ཐར་མི་འབོར་གྱི་ཡོང་འབབ་ཀྱི་བཅུ་ཆའི་དྲུག་ཡན་ཟིན་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་ཁ་གསབ་མ་དངུལ་ཐོན་ལས་གོང་འཕེལ་གཏོང་རྒྱུར་འབྲེལ་མཐུད་བྱེད་པའི་བསྡུར་ཚད་དེ2021ལོའི་བརྒྱ་ཆའི་ང་གཅིག་ནས་མིག་སྔའི་བརྒྱ་ཆའི་དྲུག་ཅུར་ཇེ་མཐོར་བཏང་བ་དང་། བཞི་ཆའི་གསུམ་གྱི་དབུལ་ཐར་ཁྱིམ་ཚང་དང་ཞིང་ལས་གཉེར་མཁན་གསར་བའི་བར་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་དམ་ཟབ་ཅིག་བཙུགས་ཡོད། ལོ་ངོ་གསུམ་གྱི་རིང་ལ། དབུལ་ཐར་ས་ཁུལ་གྱི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ལོ་རེའི་ཆ་སྙོམས་ཀྱི་ཡོང་འབབ་འཕར་ཚད་དེ་རྒྱལ་ཡོངས་ཞིང་སྡེའི་སྡོད་དམངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།